དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྱིམ་སྤྱོད་གློག་ཆས་ལས་རིགས་ཀྱི་ཐོན་སྐྱེད་དང་དགོས་མཁོ་ཆེ་རུ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-14

    ཉེ་ཆར། གསར་འགོད་པས་ཀྲུང་གོ་ཁྱིམ་སྤྱོད་གློག་ཆས་མཐུན་ཚོགས་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་བ་དང་པོ་དང་གཉིས་པར་རང་རྒྱལ་གྱི་ཁྱིམ་སྤྱོད་གློག་ཆས་ལས་རིགས་ཀྱི་ལས་སྒོ་གཙོ་བོའི་ཡོང་འབབ་སྒོར་དུང་ཕྱུར་2662.86ཟིན་པ་དེ་དུས་མཚུངས་ལས་12.8%འཕར་བ་དང་། ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་157.1ཟིན་པ་དེ་དུས་མཚུངས་ལས་17.8%འཕར་ནས་ཁྱིམ་སྤྱོད་གློག་ཆས་ལས་རིགས་ཧྲིལ་པོའི་ཕན་འབྲས་ཆེ་རུ་ཕྱིན་པ་རྒྱུན་འཁྱོངས་ཐུབ་ཡོད། ཟླ་བ་དང་པོ་དང་གཉིས་པར་རང་རྒྱལ་གྱི་ཁྱིམ་སྤྱོད་གློག་ཆས་རིགས་ཐོན་སྐྱེད་བྱེད་ཚད་ཅུང་འཕར་ཞིང་། དེའི་ནང་མཁའ་རླུང་སྙོམས་ཆས་དང་། འཁྱགས་སྒམ། གོས་འཁྲུད་འཕྲུལ་ཆས་བཅས་འཕར་ཚད་18.8%དང་། 12.8% 18.5%བཅས་སོ་སོར་ཟིན་ཡོད། ཐོན་སྐྱེད་དང་དགོས་མཁོ་ཆེ་རུ་ཕྱིན་པ་དང་དུས་མཚུངས། ཁྲོམ་རའི་སྔོན་དཔག་བརྟན་པོ་ཡོང་རྒྱུ་རེད། ཀྲུང་གོ་ཁྱིམ་སྤྱོད་གློག་ཆས་མཐུན་ཚོགས་ཀྱི་ཁོངས་མིའི་ཁེ་ལས་100ལྷག་ཙམ་ལ་བརྟག་ཞིབ་བྱས་པ་ལས་མངོན་པར། སྔོན་དཔག་བྱས་ན་ཁྱིམ་སྤྱོད་གློག་ཆས་ཁེ་ལས་20%ཡི་འདི་ལོའི་དུས་ཚིགས་དང་པོའི་ཚོང་གཉེར་ཡོང་འབབ་10%ཡན་འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།