དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཐེ་ལན་གྱི་ཕྱི་སྦྱོང་སློབ་མ་ནོ་ལུའུ་པུའུ་ལ་ཡིས་བརྗོད་དོན།

    “གང་སར་ལྟ་བར་ཕྱིན་ན་གཞི་ནས་ཀྲུང་གོ་ཤེས་རྟོགས་ཐུབ་པ་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-14

    འདི་ནི་ཧོ་ནན་ཧྲང་ཆིའུ་གྲོང་ཁྱེར་ཞ་དབྱིས་རྫོང་ཐའེ་ཕིང་གྲོང་རྡལ་ལུང་ཀན་མཚོ་ཁུག་མཁའ་དབྱིངས་འབྲི་ཏ་ས་འཛིན་མྱོང་རོལ་ཁང་དུ་ཝུན་མིང་གིས་བློ་རིག་ཞིང་ལས་སྒྲིག་བཀོད་ལ་ལྟ་སྐོར་དང་སྦྲགས་པར་ལེན་བྱེད་བཞིན་པ། བཅར་འདྲི་བྱ་ཡུལ་གྱིས་པར་མཁོ་འདོན་བྱས།

    “ངས་ཀྲུང་གོའི་གྲོང་གསེབ་གང་འདྲ་ཞིག་ཡོད་མེད་བལྟ་འདོད་ཡོད་ལ། ཀྲུང་གོའི་གྲོང་གསེབ་ཀྱི་འཚོ་བ་སྐྱེལ་སྟངས་གང་འདྲ་ཡིན་མིན་ཤེས་འདོད་ཀྱང་ཡོད”མི་རིང་བའི་གོང་ཐེ་ལན་ནས་ཡོང་བའི་ཕྱི་སྦྱོང་སློབ་མ་ནོ་ལུའུ་པུའུ་ལར(ཀྲུང་གོའི་མིང་ལ“ཝུན་མིང”ཟེར)རང་ཉིད་ཀྱི་བསམ་དོན་ལྟར་བྱུང་ནས་ཀོང་ཤིས་ལིའུ་ཀྲོའུ་གྲོང་ཁྱེར་ལུའུ་ཀྲའེ་རྫོང་གི་རོགས་པའི་ཁྱིམ་དུ་ཀྲུང་གོའི་གྲོང་གསེབ་ཀྱི་འཚོ་བར་མྱོང་རོལ་བྱ་རྒྱུ་འབྱུང་ཡོད།

    ཀོང་ཤིས་ཀྱི་གྲོང་གསེབ་ཡུལ་སྐོར་མཇུག་འགྲིལ་རྗེས། ཝུན་མིང་གིས་ཡུན་ནན་གྱི་ཁུན་མིང་དུ་སྐྱོད་པའི་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་རྒྱལ་སྤྱིའི་ཡུལ་སྐོར་མེ་འཁོར་ལ་བསྡད་དེ་ལམ་རྒྱུད་ཀྱི་ཡུལ་ལྗོངས་དང་མི་དམངས་ཀྱི་འཚོ་བར་ཕྱོགས་ཡོངས་ནས་ཉམས་ཞིབ་བྱ་རྩིས་ཡོད། ཁོང་གིས“བརྟག་དཔྱད་མ་བྱས་ན་སྐད་ཆ་ཤོད་དབང་མེད། ཀྲུང་གོར་ཡོང་ནས་གང་སར་ཕྱིན་ཚེ་གཞི་ནས་ཀྲུང་གོ་ཤེས་རྟོགས་ཐུབ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་གྲོང་ཁྱེར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་མ་ཟད། གྲོང་གསེབ་ལའང་ཕན་པ་བསྐྲུན་པ་དཔེར་ན། གྲོང་གསེབ་ཀྱི་ཁྲོམ་རའི་ཐོག་གི་གྱོན་ཆས་དང་སྔོ་ཚལ་བཙོང་སར་ཡང་སྒུལ་བདེ་དངུལ་སྤྲོད་སྤྱོད་པ་ཤེས་རྟོགས་བྱུང”ཞེས་བརྗོད།

    “སང་ལོ་ཐེ་ལན་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བས། ངས་ཀྲུང་གོར་སྦྱངས་པའི་ཤེས་བྱར་བརྟེན་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་དང་རིམ་པ་ཁག་གི་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་སྟེ་སྔར་བས་བརྟན་ལྷིང་དང་། དར་རྒྱས། རྒྱུན་མཐུད་ཆོག་པའི་ཐེ་ལན་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་ཝུན་མིང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།