དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨེ་ཙེ་ཨོ་ཕི་ཡའི་ཕྱི་སྦྱོང་སློབ་མ་ནུའུ་པི་ཡས་བརྗོད་དོན།

    “མཐོང་རྒྱ་ཇེ་ཆེར་ཕྱིན་སོང་ལ་སེམས་ཁུར་དང་དྲོ་སྐྱིད་ཀྱང་ཚོར་བྱུང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-14

     འདི་ནི་གཏམ་བཤད་བྱེད་སྒོའི་ཐོག་ནུའུ་པི་ཡས་རང་ཉིད་ཀྱི་ཀྲུང་གོའི་གཏམ་རྒྱུད་བརྗོད་བཞིན་པ། བཅར་འདྲི་བྱ་ཡུལ་གྱིས་པར་མཁོ་འདོན་བྱས།

    “ངའི་ཕུགས་འདུན་འགྲུབ་པར་ཀྲུང་གོ་དང་ཁ་འབྲལ་ཐབས་མེད”ཅེས་ལག་རྩལ་ལ་ཧ་ཅང་དགའ་བའི་ཨེ་ཙེ་ཨོ་ཕི་ཡའི་ཕྱི་སྦྱོང་སློབ་མ་ནུའུ་པི་ཡས་འཕྲུལ་ཆས་ལག་རྩལ་ཆེ་མོ་བ་ཞིག་བྱེད་འདོད་ཡོད་ཚུལ་བཤད། ནུའུ་པི་ཡས་རང་ཁྱིམ་དུ་སྤྱོད་པའི་གློག་ཆས་ཐོན་རྫས་ཚང་མར“ཀྲུང་གོས་བཟོས”ཞེས་པ་འཁོད་ཡོད་ལ། ཁྲོམ་གཞུང་གཡས་གཡོན་གྱི་ཐོག་བརྩེགས་ཁང་ཆེན་ཕལ་མོ་ཆེ་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་རོགས་བྱས་པ་ཤེས་སྐབས། ཀྲུང་གོར་སློབ་གཉེར་བྱེད་པར་འགྲོ་འདོད་ཀྱི་བསམ་པ་ཉིན་བཞིན་ཇེ་ཆེར་སོང་།

    སྟེས་དབང་གི་གོ་སྐབས་ཤིག་འཕྲད་དེ། མི་ཁག་གཅིག་གིས་ནུའུ་པི་ཡའི་ཕར་ཅི་ལིན་ཞིང་ལས་ཚན་རྩལ་སློབ་གླིང་གི་འཕྲུལ་ཆས་གློག་རྡུལ་བཟོ་སྐྲུན་ཆེད་ལས་འོས་སྦྱོར་བྱས་ཤིང་། ནུའུ་པི་ཡས་གནས་ཚུལ་དེ་ཤེས་མ་ཐག་ལམ་སེང་སློབ་གྲྭའི་གཞུང་ཕྱོགས་དྲ་བར་འཛུལ་ནས་འབྲེལ་ཡོད་ཆ་འཕྲིན་བཤེར་ཏེ། འཕྲུལ་མི་བཟོ་བ་དང་། གློག་ལམ་ལ་ཚ་ལ་རྒྱག་པ། གཤེར་གནོན་སྒུལ་ནུས་མ་ལག་བཅས་ཀྱི་སློབ་ཁྲིད་ཆ་འཕྲིན་ཤེས་རྟོགས་བྱས་རྗེས་ཁོང་གིས་ལམ་སེང་འདུན་ཞུའི་དཔྱད་ཡིག་གྲ་སྒྲིག་བྱས་པས་མི་རིང་བར་སློབ་གླིང་དེས་བསྡུས།

    “འདི་ནས་ངའི་མཐོང་རྒྱ་ཆེ་རུ་སོང་ལ། སེམས་ཁུར་དང་དྲོད་སྐྱིད་ཀྱང་ཚོར་བྱུང” དང་ཐོག་ནུའུ་པི་ཡས་དངོས་ཁམས་སྒུལ་ཤུགས་དང་འཕྲུལ་འཁོར་ཚོར་ཆས་སོགས་ཀྱི་ཤེས་བྱ་སྦྱོང་སྐབས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་པ་དང་། ལྷག་པར་དུ་འཕྲུལ་མིའི་སྒུལ་བདེའི་བགྲོད་ལམ་ཇུས་འགོད་དང་གློག་གནོན་ཚོར་སྣང་ཚོད་ལྟ་སོགས་བཀོལ་སྤྱོད་ལྷུ་ཚིགས་ནང་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཅིང་། “ངའི་རྒན་ལགས་ཀྱིས་སློབ་ཚན་གྲོལ་རྗེས་ངང་རྒྱུད་རིང་པོས་ང་ལ་འགྲེལ་བཤད་བརྒྱབ་པ་དང་། སུན་སྣང་མེད་པར་དྲི་བ་རེ་རེར་ལན་འདེབས་ཀྱི་ཡོད”ཅེས་ནུའུ་པི་ཡས་ཀྲུང་གོའི་དགེ་རྒན་དང་སློབ་གྲོགས་ཀྱི་བཀའ་དྲིན་སྙིང་ལ་འཆང་བཞིན་དུ་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།