དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ས་མོ་ཡའི་ཕྱི་སྦྱོང་སློབ་མ་ཨན་ཡ་ཡིས་བརྗོད་དོན།

    “ཀྲུང་གོར་འཚོ་བ་ཇི་ཙམ་བསྐྱལ་ཚེ་དེ་ཙམ་གྱིས་ཀྲུང་གོའི་ཡིད་དབང་འཕྲོག་ཤུགས་ཚོར་ཤེས་ཐུབ་པ་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-14

    འདི་ནི་སློབ་གྲྭས་ཕྱི་སྦྱོང་སློབ་མར་གཉེར་བའི་དཔྱིད་གསར་དུས་ཆེན་གྱི་བྱེད་སྒོའི་ཐོག་ཨན་ཡ་ཡིས“བཀྲ་ཤིས”མཚོན་པའི་ཡི་གེ་འབྲི་བཞིན་པ། བཅར་འདྲི་བྱ་ཡུལ་གྱིས་པར་མཁོ་འདོན་བྱས།

    “ཆུང་དུས་ནས་སྡོང་དམར་ནགས་ཚལ་སྲུང་བའི་གལ་འགངས་རང་བཞིན་ཤེས་པའི་ངས་ད་རེས་ཐོག་བརྩེགས་ཁང་ཆེན་གྱིས་ཁེངས་པའི་ཧྲེན་ཀྲེན་ནས་ཀྱང་སྡོང་དམར་ནགས་ཚལ་མཐོང་བས་སྙིང་ཉེ་བའི་ཚོར་སྣང་ཞིག་སྦྱིན་བྱུང”ཞེས་ས་མོ་ཡའི་ཕྱི་སྦྱོང་སློབ་མ་ཨན་ཡ་ཡིས་ཀོང་ཏུང་གི་ཧྲེན་ཀྲེན་གྲོང་ཁྱེར་ཧྥུའུ་ཐན་སྡོང་དམར་ནགས་ཚལ་སྐྱེ་ཁམས་སྤྱི་གླིང་དུ་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས་དེ་ལྟར་བཤད། ཁོང་གིས་ལག་ཤུབས་གྱོན་པ་དང་རྐོ་མ་ཁྱེར་ཏེ་སྡོང་དམར་ནགས་ཚལ་ཉེ་འཁོར་གྱི་རྩྭ་ངན་འཐུ་བར་བསྐྱོད་དེ། ཁྱུག་ཙམ་ནང་བཏུས་པའི་རྩྭ་ངན་ཕུང་ནས་རི་ཆུང་ལྟར་གྱུར་ཞིང་། ཨན་ཡ་ཡིས་ས་མོ་ཡར་ཡང་སྡོང་དམར་ནགས་ཚལ་རྒྱ་ཆེན་པོ་ཡོད། དེས་བྱེ་རླུང་བཀག་ནས་མཚོ་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་བར་ནུས་པ་ཆེན་པོ་ཐོན་གྱི་ཡོད། “ཀྲུང་གོས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་སྦྲགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པས། ས་མོ་ཡས་ཀྱང་འཕེལ་རྒྱས་ཀྱི་ལམ་བུ་འདི་འདྲར་བསྐྱོད་དགོས”ཞེས་བརྗོད།

    ས་མོ་ཡའི་རྒྱལ་ས་ཨ་ཕི་ཡར་ཀྲུང་གོའི་དེབ་ཁང་ཞིག་འཛུགས་རྒྱུ་ནི་ཨན་ཡའི་བསམ་འདུན་ཡིན་ཞིང་། ཁོང་གིས་དེབ་ཁང་དུ་ས་མོ་ཡའི་སྐད་དུ་བསྒྱུར་བའི་ཀྲུང་གོའི་གཏམ་རྒྱུད་དེབ་བཙོངས་བ་མ་ཟད། ཀྲུང་གོའི་རྩོམ་པ་པོ་དང་རི་མོ་མཁས་ཅན་གདན་དྲངས་ནས་ཀྲུང་གོའི་རིག་གནས་མཉམ་སྤྱོད་བྱེད་འདོད་ཡོད། “ཀྲུང་གོར་འཚོ་བ་ཇི་ཙམ་ཡུན་རིང་བསྐྱལ་ཚེ་དེ་ཙམ་གྱིས་ཀྲུང་གོའི་ཡིད་དབང་འཕྲོག་ཤུགས་རྟོགས་ཐུབ་པས། རང་ཉིད་ས་མོ་ཡ་དང་ཀྲུང་གོའི་དབར་གྱི་རིག་གནས་སྦྲེལ་ཟམ་ལྟ་བུར་འགྱུར་ནས་ས་མོ་ཡ་བ་སྔར་ལས་མང་བས་ཀྲུང་གོ་ཤེས་རྟོགས་དང་རྒྱུས་ལོན་ཡོང་བ་བྱེད་འདོད་ཡོད”ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།