དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་ལ་བརྟན་པ།

    2023ལོར་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་སོགས་དམིགས་ཚད་ཁག་6གི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-14

    ཉེ་ཆར། གསར་འགོད་པར་རང་ལྗོངས་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་བཏང་ཚུལ་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། སྐབས་བཅུ་པའི་ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འཐབ་ཇུས་བཀོད་སྒྲིག་གལ་ཆེན་བཏོན་པ་ནས་བཟུང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་དོན་གྱི་སྙན་སེང་ཐེངས་མང་གསན་ཏེ། “འཛུགས་གཏོད་བཞིར”ཁ་སྒྱུར་ཕྱོགས་སྟོན་དང་ཚད་གཞི་མཐོ་པོས་སྐུལ་འདེད་བཏང་བ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་དམ་པ་དོན་གཉེར་དང་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འཕེལ་རིམ་ཡག་པོ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།

    སྲིད་ཇུས་ཀྱི་མ་ལག་གཞི་རྩའི་ཆ་ནས་གྲུབ་པ། རང་སྐྱོང་ལྗོངས་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པའི་ཆེད་དོན་ཚོགས་ཆུང(གཤམ་ལ་སྔོན་སྤེལ་ཁུལ་ཆེད་དོན་ཚོགས་ཆུང་ཞེས་བསྡུ་རྒྱུ)གཞུང་ལས་ཁང་གིས་སྲིད་ཇུས་དང་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་འཇུག་གཞིར་བརྩི་བ་དང་། ལོ་འཁོར་གྱི་དམིགས་ཚད་ལས་འགན་དོན་འཁྱོལ་བྱེད་རྒྱུ་དེ་ཚད་བརྒལ་བྱ་གཞིར་བརྩིས་ནས་བཀོད་གཏོང་དང་ལྟ་སྐུལ་མཛུབ་ཁྲིད་གལ་ཆེ་མཉམ་འཛིན་དང་ཚོད་སྐོར་དང་དཔྱད་ཞིབ་མཉམ་དུ་བྱེད་པ་མཐའ་འཁྱོངས་ཀྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱས་ཡོད།

    འཁོར་རྒྱུག་ལམ་སྲོལ་གཞི་རྩའི་ཆ་ནས་གྲུབ་པ། སྔོན་སྤེལ་ཁུལ་ཆེད་དོན་ཚོགས་ཆུང་གཞུང་ལས་ཁང་གིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ལས་ཀའི་ཆེད་དོན་ཚན་ཁག་འཛུགས་པ་དང་། ལག་བསྟར་བསམ་འཆར་འདོན་པ། ལས་ཀའི་སྒྲིག་སྲོལ་བཟོ་བ་བཅས་བྱས་ནས་ལོ་འཁོར་གྱི་ལས་ཀའི་གཙོ་གནད་དང་ལས་འགན་གྱི་གསལ་ཐོ་གཏན་འཁེལ་བྱས་པ་དང་། གཙོ་གནད་ལས་འགན་དང་། གཙོ་གནད་རྣམ་གྲངས། དཔལ་འབྱོར་འཁོར་རྒྱུག་བཅས་ཀྱི་ཟླ་རེའི་བཀོད་གཏོང་ལམ་སྲོལ་བཙུགས་པ། ཐབས་ཇུས་བཀོད་སྒྲིག་དང་དོན་འཁྱོལ་ལ་ཕན་འབྲས་ཐོན་རྒྱུ་ཕྱོགས་གཉིས་ཀར་གདུབ་ཟུམ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་བཅས་ལས་ལས་འགན་ཁག“གནས་གཉིས་དང་ལམ་ཐིག་མང་བའི་གདུབ་ཟུམ་སྐུལ་འདེད”ཀྱི་རྣམ་པ་ཞིག་ཆགས་ཡོད།

    ཕྱོགས་བསྡུས་ཕན་འབྲས་ལོ་རེ་བཞིན་ཆེ་རུ་ཕྱིན་པ། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱིས་ཚུར་ལན་བྱས་པའི་ཕྱོགས་བསྡུས་ལས་རྗེས་གདེང་འཇོག་བྱས་འབྲས་ལ་བལྟས་ན། རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ལས་རྗེས་གདེང་འཇོག་སྟོན་གྲངས་2021ལོ་དང་2022ལོ་གཉིས་བསྟུད་མར་འཕར་བ་དང་། 2023ལོར་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གཏན་འཇགས་རྒྱུ་ནོར་གྱི་མ་འཇོག སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་གི་སྤྱི་འབོར། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ། ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་བཅས་དམིགས་ཚད་ཁག་6གི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་6.5ལྷག་ཙམ་ཟིན་ཡོད།

    སྔོན་སྤེལ་ཁུལ་ཆེད་དོན་ཚོགས་ཆུང་གིས་2023ལོའི་ལོ་འགོར་བཟོས་པའི་སྲིད་ཇུས་དང་། འཆར་འགོད། དཔེ་སྟོན་གསལ་ཐོ་བཅས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། ཐོན་ལས་འཁོར་འབྲེལ་གྱི་འཁོར་དཔོན་ལམ་ལུགས་ཀྱི་ལས་ཀའི་ཇུས་གཞི་དང་། ཐཱན་ཚད་མཐོ་ཤོས་ཀྱི་ལག་བསྟར་ཇུས་གཞི། ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་ཀྱི་སྲིད་ཇུས་འགའ་ཞིག་སོགས་སྲིད་ཇུས་ཀྱི་ཡིག་ཆ་18བཟོས་ནས་དངོས་སུ་བཏོན་པ། ཡང་བའི་བཟོ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་འཆར་འགོད། མཐའ་མཚམས་ས་ཁུལ་གྱི་གྲོང་གསེབ་དང་གྲོང་རྡལ་འཛུགས་སྐྲུན་གྱི་འཆར་གཞི་སོགས་འཆར་འགོད་དང་འཆར་གཞི་7བཟོ་བའི་ལས་དོན་ལེགས་སྒྲུབ་བྱས་པ། ཞིང་ལས་སྟོབས་ཆེན་རྫོང་དང་། འབྲོག་ལས་སྟོབས་ཆེན་རྫོང་། ཡུལ་སྐོར་གྲགས་ཅན་རྫོང་། མཚན་མོའི་དཔལ་འབྱོར། ཞིམ་ཟས་ཁྲོམ་གཞུང་སོགས་དཔེ་སྟོན་ཚོད་ལྟ་བྱ་ཡུལ་23ལ་འཕེལ་རྒྱས་ཡག་པོ་བྱུང་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རང་ལྗོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ལས་རྗེས་གདེང་འཇོག་དམིགས་ཚད་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་ལོ་འཁོར་མོའི་ཕྱོགས་བསྡུས་དཔྱད་གདེང་བྱ་ཐབས་སྔར་བས་ཞིབ་ཚགས་སུ་བཏང་སྟེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ལས་དོན་གྱི་གཟེངས་བསྟོད་བྱ་དགའི་བྱེད་སྒོ་དང་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་ཀྱི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་གཉེར་ཐོག ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། བཀོད་གཏོང་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ། རང་འགུལ་ངང་རང་འགན་ཐེག་པ་ཁུར་ལེན་བཅས་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་ཕན་འབྲས་གསར་པ་ཐོན་པའི་འགན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།