དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་གནང་བ།

    《སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-04-13

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་ནས། 《སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ཤིང་། དེ་ཉིད་2024ལོའི་ཟླ་6ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་རེད།

    སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་ལུགས་ནི་སྐྱེ་ཁམས་ཤེས་དཔལ་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། 《སྲོལ་ཡིག》ནང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་མཐའ་འཁྱོངས་བྱས་པ། སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་དང་། བླང་བྱ། དེ་བཞིན་སྤྱོད་གོ་ཆོད་པའི་ཉམས་མྱོང་དང་བྱེད་སྟངས་བཅས་ཕྱོགས་བསྡུས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་སྲིད་འཛིན་ཁྲིམས་སྲོལ་གྱི་རྣམ་པའི་ཐོག་ནས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ཀྱི་གཞི་རྩའི་ལམ་ལུགས་དང་སྒྲིག་སྲོལ་གཏན་འཁེལ་བྱས་ནས་རྩ་བ་བརྟན་དུ་གཏོང་བ་དང་། སྔོན་དཔག་བརྟན་པོ་ཡོང་བ། ཕུགས་ལ་ཕན་པ་བཅས་ཀྱི་ཁྲིམས་སྐྱོང་གི་ནུས་པ་གང་ལེགས་བཏོན་ཡོད། 《སྲོལ་ཡིག》འདིར་ཁྱོན་ལེའུ་6དང་དོན་ཚན་33ཡོད་ཅིང་། གཙོ་བོ་གཤམ་གསལ་གྱི་ནང་དོན་གཏན་འབེབས་བྱས་ཡོད།

    གཅིག་ནས་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ཀྱི་ནང་དོན་ཁ་གསལ་བཟོ་དགོས་ཤིང་། སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ཞེས་པ་ནི་ནོར་སྲིད་ཀྱི་གཞུང་ཕྱོགས་ཁ་གསབ་དང་། ས་ཁུལ་བར་གྱི་འཕྲེད་ཕྱོགས་ཁ་གསབ། ཁྲོམ་རའི་ལམ་སྲོལ་གྱི་ཁ་གསབ་སོགས་ཀྱི་ལམ་སྲོལ་བརྒྱུད། གཏན་འབེབས་སམ་ཡང་ན་ཁ་ཆད་ལྟར་སྐྱེ་ཁམས་སྲུང་སྐྱོང་བྱེད་མཁན་ཚན་པ་དང་མི་སྒེར་ལ་ཁ་གསབ་སྤྲོད་པའི་སྐུལ་ལྕག་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་ལ་ཟེར།

    གཉིས་ནས་ལས་ཀའི་རྩ་དོན་ཁ་གསལ་དང་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལས་དོན་སྤེལ་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྲིད་གཞུང་གིས་གཙོ་ཁྲིད་དང་། སྤྱི་ཚོགས་ཀྱིས་ཐེ་ཞུགས། ཁྲོམ་རས་སྙོམ་སྒྲིག་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས། སྐུལ་ལྕག་དང་གཅུན་ལྡོམ་གཉིས་གལ་ཆེ་མཉམ་འཇོག་བྱ་རྒྱུ་མཐའ་འཁྱོངས། སྤྱི་འདོམས་དང་མཐུན་སྦྱོར་ངང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། སྐྱེ་ཁམས་ཀྱི་ཕན་འབྲས་དེ་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་དང་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བཅས་བྱེད་དགོས། རྫོང་རིམ་པ་ཡན་གྱི་སྲིད་གཞུང་གིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱིས་རང་སོ་སོའི་འགན་འཁྲི་ལྟར་འབྲེལ་ཡོད་ལས་ཀའི་འགན་འཁུར་དགོས།

    གསུམ་ནས་ནོར་སྲིད་ཀྱི་གཞུང་ཕྱོགས་ཁ་གསབ་ཚད་ལྡན་དུ་གཏོང་དགོས་ཤིང་། རྒྱལ་ཁབ་ཀྱིས་ནོར་སྲིད་གཏོང་སྤྲོད་སྤོ་སྒྱུར་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྐྱེ་ཁམས་ཁོར་ཡུག་གི་གྲུབ་ཆ་གལ་ཆེན་ལ་སྲུང་སྐྱོང་བྱེད་མཁན་དང་དེ་བཞིན་སྐྱེ་ཁམས་བྱེད་ནུས་གལ་ཆེན་གྱི་ཁྱབ་ཁོངས་སུ་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་མཁན་གྱི་ཚན་པ་དང་མི་སྒེར་ལ་ཁ་གསབ་སྤྲོད་དགོས། ས་གནས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་མཁན་ཚན་པ་དང་མི་སྒེར་ལ་དུས་ཐོག་ཏུ་ཁ་གསབ་དངུལ་སྤྲོད་དགོས། ས་གནས་སྲིད་གཞུང་གིས་གཅིག་གྱུར་ཐོག་བེད་སྤྱོད་བྱེད་པའི་མ་དངུལ་རྣམས་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སླར་གསོ་བྱེད་པ་སོགས་ལ་དམིགས་བསལ་གྱིས་གཞན་གྱི་སྔོན་ལ་སྤྱོད་དགོས།

    བཞི་ནས་ས་ཁུལ་བར་གྱི་འཕྲེད་ཕྱོགས་ཁ་གསབ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། སྐྱེ་ཁམས་ཀྱི་ཕན་པ་ཐོབ་པའི་ས་ཁུལ་དང་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་གྱི་མི་དམངས་སྲིད་གཞུང་གིས་གྲོས་མོལ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཛུགས་པར་སྐུལ་ལྕག་དང་། མཛུབ་ཁྲིད། སྐུལ་འདེད་བཅས་གཏོང་དགོས། སྐྱེ་ཁམས་བྱེད་ནུས་ཀྱི་གལ་འགངས་ཤིན་ཏུ་ཆེ་བའི་ས་ཁོངས་སུ་ས་ཁུལ་དབར་གྱི་འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་སྤྲོད་པའི་རིགས་ལ། ཀྲུང་དབྱང་ནོར་སྲིད་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ཆོག ཁ་གསབ་ལམ་སྲོལ་བཙུགས་པར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པའི་རིགས་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕེལ་སྒྱུར་དང་ནོར་སྲིད་སོགས་སྡེ་ཚན་གྱིས་འཆར་འགོད་དང་། མ་དངུལ། རྣམ་གྲངས་བཀོད་སྒྲིག་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་འོས་འཚམ་བྱས་ཆོག

    ལྔ་ནས་ཁྲོམ་རའི་ལམ་སྲོལ་ཁ་གསབ་ལ་སྐུལ་འདེད་གཏོང་བར་སྐུལ་ལྕག་བྱེད་དགོས་ཤིང་། ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་གང་ལེགས་བཏོན་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་ས་གནས་སྲིད་གཞུང་ལ་ཁྲོམ་རའི་སྒྲིག་སྲོལ་ལྟར། སྐྱེ་ཁམས་ཐོན་རྫས་དང་ཞབས་ཞུ་ཉོ་སྒྲུབ་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་སྤྲོད་རྒྱུའི་སྐུལ་ལྕག་གཏོང་དགོས། སྤྱི་ཚོགས་ཀྱི་མ་དངུལ་ལ་བརྟེན་ནས་ཁྲོམ་ར་ཅན་གྱི་ཐོག་ནས་འཁོར་རྒྱུག་བྱེད་པའི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ཐེབས་རྩ་འཛུགས་པར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ། བཅའ་ཁྲིམས་ལྟར་གོ་རིམ་ལྡན་པའི་སྒོ་ནས་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ནང་ཞུགས་དགོས།

    དྲུག་ནས་འགན་སྲུང་དང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཚན་གྱིས་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་མ་དངུལ་དུས་ཐོག་ཏུ་གཤམ་སྤྲོད་དང་དཔྱད་སྤྲོད་བྱེད་དགོས། མ་དངུལ་བཀག་ཉར་དང་། བཟུང་སྤྱོད། གཞན་སྤྱོད། འགྱངས་ཆད་བཅས་བྱས་པའམ་ཡང་ན་གཏན་འབེབས་ལྟར་མ་དངུལ་བེད་སྤྱོད་མ་བྱས་ལ་དུས་བཀག་ལས་ཡོལ་ཡང་ཡོ་བསྲང་མ་བྱས་པའི་རིགས། མ་དངུལ་ཕྱིར་འགྱངས་དང་། ཉུང་གཏོང་། མཚམས་འཇོག་གམ་ཡང་ན་ཚུར་ལེན་བཅས་བྱས་ཆོག སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལས་ཀའི་གནས་ཚུལ་ཁྲིམས་ལྟར་དུས་ཐོག་ཏུ་ཡོངས་བསྒྲགས་བྱེད་དགོས་པ་དང་། མ་དངུལ་དོ་དམ་བེད་སྤྱོད་ཀྱི་གནས་ཚུལ་ལ་རྩིས་བཤེར་ལས་ཁུངས་ཀྱིས་ཁྲིམས་ལྟར་རྩིས་བཤེར་ལྟ་སྐུལ་བྱེད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།