དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སི་ཁྲོན་དང་ཁྲུང་ཆིང་གིས་སྲིད་དོན་ཞབས་ཞུའི་མཉམ་ལས་བྱེད་ཐབས་ཁག་72ཡོངས་བསྒྲགས་བྱས་པ།

    ཀུན་སྒྲུབ་དོན་ཚན་ཁག་350ཡན་ཟིན་པའི་བརྩོན་ལེན་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-13

     ཉེ་ཆར། སི་ཁྲོན་དང་ཁྲུང་ཆིང་ས་ཁུལ་གཉིས་ཀྱིས་མཉམ་དུ་སྲིད་དོན་ཞབས་ཞུའི་མཉམ་ལས་བྱེད་ཐབས་ཡོངས་བསྒྲགས་བྱས་ནས། ལམ་སྲོལ་མཉམ་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ། “ལས་ཆོད་ཆེ་བའི་སྒོ་ནས་བྱ་བ་གཅིག་སྒྲུབ་པ” གྲངས་གཞི་མཉམ་སྤྱོད་དང་བེད་སྤྱོད་གཏིང་ཟབ་ཏུ་གཏོང་བ། ཞབས་ཞུའི་ཁྲོམ་ར་གཞི་གཅིག་ཅན་ལ་སྐྲུན་པ། ལྟ་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། སི་ཁྲོན་དང་ཁྲུང་ཆིང་གི་ལྟེ་བ་གཉིས་མཉམ་འགུལ་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་7ལ་དམིགས་ཏེ་འཚོ་བ་སྟབས་བདེ་ཡོང་བར་རམ་འདེགས་བྱས་པ་རེད།

    ཉེ་ཆར། སི་ཁྲོན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་དང་ཁྲུང་ཆིང་གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཐིང་གིས་མཉམ་དུ《སི་ཁྲོན་དང་ཁྲུང་ཆིང་གི་སྲིད་དོན་ཞབས་ཞུའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་2024ལོའི་གཙོ་གནད་ལས་འགན་གསལ་ཐོ》བཀྲམ་པའི་ནང་། ཕྱོགས་7གྱི་སྲིད་ཇུས་བྱེད་ཐབས་ཁག་72ཚུད་ཡོད་པ་དང་། དེའི་ནང་འདི་ལོ་ས་གནས་གཉིས་ཀྱིས་སྒྲུབ་ཐེངས་མང་བའི་ཀུན་སྒྲུབ་དོན་ཚན་ཁག་གཅིག་རྒྱུན་མཐུད་མང་དུ་བཏང་ནས་ཀུན་སྒྲུབ་དོན་ཚན་ཁག་350ཡན་ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་ལུགས་བཏོན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ས་གནས་གཉིས་ཀྱིས་དམངས་འཚོའི་ཁྱབ་ཁོངས་ཀྱི་མཉམ་ལས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས། ལས་གཏོད་གསོ་སྦྱོང་དང་དྲ་རྒྱ་ནས་ལས་མི་བསྡུ་བའི་བྱེད་སྒོ་མཉམ་དུ་སྤེལ་ཏེ། ལས་ཞུགས་ལས་གནས་ཁྲི་100ཡན་ཁྱབ་བསྒྲགས་བྱེད་པ་དང་རྒན་གསོའི་ཞབས་ཞུར་མཉམ་དུ་སྐུལ་འདེད་བཏང་ནས་རྒན་གསོའི་ཞབས་ཞུའི་ཤེས་ལྡན་མི་སྣ་2000མཉམ་དུ་གསོ་སྦྱོང་བྱ་རྒྱུ་དང་། ཁྲག་ཤེད་མཐོ་བ་དང་། གཅིན་སྙི་ཟགས་ཁུའི་ནད། ངན་སྐྲན་གྱི་རྫས་འགྱུར་སྨན་བཅོས་སོགས་སྒོ་བསྟེན་སྨན་ཁང་གི་གཅོང་ནད་དང་དམིགས་བསལ་ནད་ཞིང་ཆེན་ལས་བརྒལ་ཏེ་ཡུལ་གཞན་དུ་སྨན་བཅོས་བྱེད་རིགས་ཀྱི་ཐད་ཀར་མཇུག་རྩིས་རྒྱག་པའི་བརྒྱུད་རིམ་ལེགས་སུ་བཏང་ནས་སྨན་བཅོས་སྒྲིག་གཞིའི་ཞིབ་བཤེར་དང་ཞིབ་བཤེར་བྱས་འབྲས་ཕན་ཚུན་ཁས་ལེན་བྱེད་པའི་ཁྱབ་ཁོངས་སྔར་བས་ཆེ་རུ་གཏོང་རྒྱུ། ཕྲུ་གུ་དམར་འབྱར་སྐྱེས་པ་དང་། སྤྱི་ཚོགས་འགན་སྲུང་གཱ་ཡི་གྲོང་མིའི་ཞབས་ཞུ། སྐྱེལ་འདྲེན་ཁེ་ལས་འཛུགས་པ། ཁེ་ལས་ཀྱི་མ་རྩ་བརྡིབས་པའི་ཆ་འཕྲིན་ཞིབ་བཤེར་བཅས་བྱ་བ་ཁག་4སི་ཁྲོན་དང་ཁྲུང་ཆིང་དུ་ཀུན་སྒྲུབ་ཐུབ་པ་གསར་དུ་བསྣན་རྒྱུ། སི་ཁྲོན་དང་ཁྲུང་ཆིང་གི་སྤྱི་ཚོགས་འགན་སྲུང་གཱ་ཡི་གཱ་གཅིག་ཀུན་འཐུས་སྲོལ་ཡིག་གིས་ཁྲིམས་འཛུགས་ལ་གཞོགས་འདེགས་བྱེད་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། སྟབས་བསྟུན་ལས་ཞུགས་མི་སྣ་སྡོད་ཁང་སྤྱི་གསོག་མ་དངུལ་ལམ་ལུགས་ཀྱི་ཚོད་ལྟའི་ནང་ཞུགས་ཏེ་མང་ཚོགས་ཀྱི་ས་ཁོངས་ལས་བརྒལ་བའི་འཚོ་བ་དང་ལས་ཞུགས་ལ་སྔར་བས་སྟབས་བདེ་ཡོང་བར་སྐུལ་འདེད་བཏང་ནས་སི་ཁྲོན་དང་ཁྲུང་ཆིང་ས་ཁུལ་གྱི་མང་ཚོགས་ཚོས་དམངས་འཚོའི“བདེ་སྐྱིད་ཀྱི་འཁོར་རྒྱ”མཉམ་སྐྲུན་མཉམ་སྤྱོད་ཐུབ་པར་བྱ་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།