དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲང་ཧའེ་ཡིས“ཧྲང་ཧའེ་རུ་ལྷན་འཛོམས”ཀྱི་བྱེད་སྒོའི་ ཕྱོགས་སྟོན་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-13

    ཉེ་ཆར། ཧྲང་ཧའེ་ཡིས“ཧྲང་ཧའེ་རུ་ལྷན་འཛོམས”ཀྱི་བྱེད་སྒོའི་ཕྱོགས་སྟོན(2024ལོ)ཁྱབ་བསྒྲགས་བྱས་ཤིང་། ལོ་ཧྲིལ་པོའི་བྱེད་སྒོ་བརྒྱ་ཕྲག་ཁ་ཤས་ནས་འཛམ་གླིང་རིམ་པའི་རིག་གནས་དང་། ལུས་རྩལ། ཡུལ་སྐོར། ཚོང་ལས། འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་ཁག་70བདམས་ཏེ། གོ་ལ་ཧྲིལ་པོར་ལྷག་བསམ་ཟོལ་མེད་ཀྱི་གདན་ཞུ་བྱས་པ་རེད། ཧྲང་ཧའེ་གྲོང་ཁྱེར་ཚོང་དོན་ཨུ་ལྷན་དང་། གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས། གྲོང་ཁྱེར་ལུས་རྩལ་ཅུས་བཅས་ཀྱིས་ཡོངས་བསྒྲགས་ཚོགས་འདུའི་ཐོག་བྱེད་སྒོ་འོས་སྦྱོར་བྱས་པ་རེད།

    ཧྲང་ཧའེ་ཡིས་འདི་ལོ་ནས་འགོ་བཙུགས་ཏེ“ཧྲང་ཧའེ་ལ་འགྲེམས་སྤེལ་ཐོག་མ་བྱེད་པའི”དཔྱིད་དུས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པ་དང་། མིག་སྔར་རིམ་པ་མཐོ་བའི་འགྲེམས་སྤེལ་ཐོག་མ་དང་། འགྲེམས་སྟོན་ཐོག་མ། ཚོང་ཁང་ཐོག་མ་སོགས་ཀྱི་བྱེད་སྒོ་ཐེངས་19གཅིག་རྗེས་གཉིས་མཐུད་སྤེལ་བཞིན་ཡོད་པ་རེད། ཟླ་བ་4པའི་ཟླ་མཇུག་ནས་ཟླ་བ་6པའི་བར་ཧྲང་ཧའེ་ཡི“ལྔ་ལྔའི་ཉོ་སྒྲུབ་དུས་ཆེན”སྐབས་ལྔ་པ་དུས་ཆད་ལྟར་འཚོག་རྒྱུ་རེད། དེ་རྗེས་གྲོང་ཁྱེར་གྱི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་གསར་པའི“ཧྲང་ཧའེ་ཡི་དབྱར་དུས”ཀྱི་རྒྱལ་སྤྱིའི་འཛད་སྤྱོད་དུས་ཚིགས་གཉེར་ཏེ། ཟླ་བ་7པ་ནས་ཟླ་བ་10པའི་བར་གྱི་དབྱར་གསེང་རིང་གི་མ་བུ་ལྷན་འཛོམས་ཀྱི་སྤྲོ་གསེང་ཡུལ་སྐོར་དང་ཕྱི་རྒྱལ་བའི་ཡུལ་སྐོར་དུས་ཚིགས་གཙོ་བོ་ཚུད་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོར་ཧྲང་ཧའེ་རུ་རིགས་ཁག་གི་ཚོང་ཁང་ཐོག་མ་450གསར་དུ་བཙུགས་པ་དེ་དུས་མཚུངས་ལས་55%འཕར་བ་དང་། རིམ་པ་མཐོ་བའི་ཚོང་ཁང་ཐོག་མས་བསྡུར་ཚད་བཟུང་ཚད་10.9%ཟིན་པ་དང་གསར་དུ་བཙུགས་པའི་ཚོང་ཁང་ཐོག་མའི་གཞི་ཁྱོན་དང་སྤུས་ཚད་སླར་ཡང་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།