དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན།

    ཀྲུང་གོར་མ་དངུལ་འཇོག་པ་ནི་འབྱུང་འགྱུར་ལ་མ་དངུལ་འཇོག་པ་ཞིག་རེད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-04-13

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་10ཉིན་གློག་འཕྲིན་འབྱོར་གསལ། འཛམ་གླིང་གི་གྲགས་ཅན་དོ་དམ་བློ་འདྲི་ཀུང་སིས་ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་ཚོང་པས་ཐད་ཀར་མ་དངུལ་འཇོག་པའི་ཡིད་ཆེས་སྟོན་གྲངས་ཀྱི་གོ་ལ་ཧྲིལ་པོའི་ཨང་རིམ་མཐོ་རུ་བཏང་བའི་སྐོར་ལ་ཚེས་10ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་མ་འཇོག་ཁོར་ཡུག་ཡག་པོ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ལས་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱིས་ཀྲུང་གོར་མ་དངུལ་འཇོག་པའི་ཡིད་ཆེས་ཆེ་རུ་ཕྱིན་ཡོད་པས། ཀྲུང་གོར་མ་དངུལ་འཇོག་པ་ནི་འབྱུང་འགྱུར་ལ་མ་དངུལ་འཇོག་པ་ཞིག་རེད་ཅེས་བརྗོད།

    ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག གསར་འགོད་པ་ཞིག་གིས་ཉེ་ཆར་འཛམ་གླིང་གི་གྲགས་ཅན་དོ་དམ་བློ་འདྲི་ཀུང་སི་ཁོར་ཉི་ཡིས་2024ལོའི་གོ་ལ་ཧྲིལ་པོའི་ཕྱི་རྒྱལ་གྱི་ཚོང་པས་ཐད་ཀར་མ་དངུལ་འཇོག་པའི་ཡིད་ཆེས་སྟོན་གྲངས་ཀྱི་སྙན་ཞུ་ཁྱབ་བསྒྲགས་བྱས་ནས་ཀྲུང་གོའི་ཨང་རིམ་དེ་ན་ནིང་གི་ཨང་བདུན་པ་ནས་ཨང་གསུམ་པར་འཕར་བས་གསར་དར་ཁྲོམ་རའི་ཆེད་དོན་ཨང་རིམ་ཁྲོད་ཀྲུང་གོ་ཨང་དང་པོར་སླེབས་ཡོད་པས་མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    མའོ་ཉིང་གིས་ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་འཇོག་པའི་ཁྲིམས་བཏོན་ནས་ལག་བསྟར་བྱས་ཏེ་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་ཁག་གི་ལམ་ལུགས་ཚད་ལྡན་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པས། མ་འཇོག་ཁོར་ཡུག་སྔར་བས་བརྟན་པོ་དང་། ཁ་གསལ། སྔོན་དཔག་ཐུབ་པ་བཅས་བྱུང་ཡོད། ཀྲུང་གོས་ལམ་ལུགས་རྣམ་པའི་སྒོ་དབྱེར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ཆུ་ཚད་མཐོ་བའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་འབྲེལ་མཐུད་བྱས་ཡོད། 2013ལོར་ཀྲུང་གོའི་ཕྱི་རྒྱལ་གྱི་མ་དངུལ་ཆོག་འཐུས་ཀྱི་བཀག་རྒྱ་གསལ་ཐོ་ཐོག་མ་190ཡོད་པ་རེད། མིག་སྔར་གསལ་ཐོ་དེའི་རྒྱལ་ཡོངས་ཀྱི་པར་མ་ཁག་31བར་ཉུང་དུ་བཏང་བ་དང་རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་པར་མ་ཁག་27ལས་མེད་པ་རེད། མ་འཇོག་ཁོར་ཡུག་ཡག་པོ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ལས་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ཀྱིས་ཀྲུང་གོར་མ་དངུལ་འཇོག་པའི་ཡིད་ཆེས་ཆེ་རུ་ཕྱིན་ཡོད་ཅེས་བརྗོད།

    མའོ་ཉིང་གིས་ཀྲུང་གོར་མ་དངུལ་འཇོག་པ་ནི་འབྱུང་འགྱུར་ལ་མ་དངུལ་འཇོག་པ་ཞིག་རེད། ཀྲུང་གོས་ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་སྟེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་ནས་མཉམ་ལས་གཉིས་ཕན་གྱི་བར་མཐོངས་རྒྱ་ཆེར་བཏང་བ་བརྒྱུད། འཛམ་གླིང་ལ་ཀྲུང་གོའི་ཁྲོམ་ར་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་སྤྱོད་བྱེད་ཀྱི་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།