དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་འཇོར་ཇི་ཡ་དབར་ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་གྲོས་མཐུན་བཞག་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-04-13

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མོ་སི་ཁོ་ནས་ཟླ་4ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཐ་པིལ་སི་ནས་གནས་ཚུལ་འབྱོར་གསལ། ཚེས་10ཉིན་འཇོར་ཇི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲོའུ་ཆན་དང་འཇོར་ཇི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཏར་ཆཱ་ཧྲི་ཝུའེ་ལི་ཡིས་ཐ་པིལ་སིར་ལམ་ཡིག་དཀྱུས་མ་ལྡན་པའི་མི་སྣར་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་སྐོར་གྱི་ཀྲུང་འཇོར་རྒྱལ་ཁབ་གཉིས་ཀྱི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད།

    ཀྲོའུ་ཆན་གྱིས་ཤིས་ཚིག་ནང་གྲོས་མཐུན་ལ་མིང་རྟགས་བཀོད་ནས་ནུས་པ་ཐོན་པ་དང་ཆབས་ཅིག་ཀྲུང་འཇོར་རྒྱལ་ཁབ་གཉིས་སྤྱི་དམངས་ཀྱིས་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་ཕར་ཕྱོགས་རྒྱལ་ཁབ་ལ་ཡུལ་སྐོར་དང་། འཚམས་འདྲི། སློབ་སྦྱོང་བཅས་བྱེད་ཆོག་པས། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་སྤེལ་རེས་དང་རྒྱུས་མངའ་ཡོང་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་དང་། གྲོས་མཐུན་ནང་ཀྲུང་འཇོར་དབར་གྱི་འབྲེལ་བ་ནི་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་ཡིན་པ་མཚོན་གྱི་ཡོད་ལ་ཀྲུང་འཇོར་དབར་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་རྗེས་ཀྱི་ཕྱོགས་གཉིས་པོའི་འབྲེལ་བའི་གྲུབ་འབྲས་གལ་ཆེན་གཞན་ཞིག་ཀྱང་རེད་ཅེས་བརྗོད་པ་རེད།

    ཏར་ཆཱ་ཧྲི་ཝུའེ་ལི་ཡིས་ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་ནི་འཇོར་ཀྲུང་འབྲེལ་བའི་ལོ་རྒྱུས་ཐོག་གི་དོན་ཆེན་ཞིག་ཡིན་པ་དང་། ཕན་ཚུན་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི་གྲོས་མཐུན་གོ་ཆོད་རྗེས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་དང་། ཡུལ་སྐོར། རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་སྔར་བས་སྐུལ་འདེད་ཐུབ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇོར་ཇི་ཡའི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་རྒྱབ་སྐྱོར་གནང་བར་འཇོར་ཇི་ཡས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱ་རྒྱུ་བསྐྱར་བསྒྲགས་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    གྲོས་མཐུན་དེ་གཞིར་བཟུང་། འཇོར་ཇི་ཡའི་ནུས་ལྡན་གྱི་ལམ་ཡིག་དཀྱུས་མའམ་ཡང་ན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནུས་ལྡན་ལམ་ཡིག་དཀྱུས་མ་ཡོད་མཁན་གྱིས་ཆིངས་འཇོག་རྒྱལ་ཁབ་ཀྱི་རྒྱལ་མཚམས་ནང་འཛུལ་བ་དང་། རྒྱལ་མཚམས་ནས་ཐོན་པ། རྒྱལ་མཚམས་ནས་སྒྲོལ་བ་བཅས་བྱེད་སྐབས་སྡོད་ཐེངས་གཅིག་ལ་ཉིན་30ལས་མི་བརྒལ་བ་དང་། ཉིན་180རེར་རིམ་རྩིས་བརྒྱབ་ན་ཕར་ཕྱོགས་ལ་སྡོད་པའི་ཉིན་གྲངས་90ལས་མ་བརྒལ་ཚེ་རྒྱལ་སྒྲོལ་ཐོངས་མཆན་དགོས་ཀྱི་མེད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།