དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རྒྱལ་ཁབ་ཕྱི་དངུལ་ཅུས་ཀྱིས་བྱེད་ཐབས་གསར་པ་བཏོན་ནས་ཚོང་དོན་གྱི་ཕྱི་དངུལ་ལས་སྒོའི་དོ་དམ་ལེགས་སུ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-04-13

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་ཕྱི་ཕྱོགས་ལ་བརྡ་ཐོ་བཏང་སྟེ་སྲིད་ཇུས་བྱ་ཐབས་ཁག་6བཏོན་ནས་ཕྱི་དངུལ་ལས་སྒོའི་བརྒྱུད་རིམ་ལེགས་སུ་བཏང་སྟེ་རྒྱལ་སྒྲོལ་ཚོང་དོན་སྟབས་བདེ་ཅན་ལ་སྔར་བས་སྐུལ་འདེད་བཏང་ནས། དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་རེད།

    བརྡ་ཐོའི་ནང་དོན་ལ་བལྟས་ན། སྲིད་ཇུས་བྱ་ཐབས་ཁག་6ནང་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱི་མིང་གཞུང་ཐོ་འགོད་དོ་དམ་ལེགས་སུ་གཏོང་རྒྱུ་དང་། ཁེ་ལས་ཀྱི་རྒྱལ་སྒྲོལ་ཚོང་དོན་གྱི་ཕྱི་དངུལ་གཏོང་ཡོང་གི་མཇུག་རྩིས་སྟབས་བདེ་རུ་གཏོང་རྒྱུ། དངོས་ཟོག་ཚོང་དོན་གྱི་ཕྱི་དངུལ་དོ་དམ་གཏན་འབེབས་གཙང་སེལ་དང་བསྡུ་སྒྲིལ་བྱ་རྒྱུ་སོགས་ཕྱོགས་གསུམ་ཚུད་ཡོད་པ་རེད། དཔེར་ན། “ཚོང་དོན་གྱི་ཕྱི་དངུལ་གཏོང་ཡོང་ཁེ་ལས་ཀྱི་མིང་གཞུང་”གི་འགྲོ་ལུགས་གཉེར་སྟངས་དེ་ཕྱི་དངུལ་ཅུས་ཀྱིས་ཞིབ་བཤེར་ཆོག་མཆན་སྤྲོད་པ་ནས་དངུལ་ཁང་གིས་ཐད་ཀར་སྒྲུབ་རྒྱུར་ལེགས་སྒྲིག་བྱེད་པ་དང་། འགག་སྒོ་ལས་ཁུངས་ཀྱི་དམིགས་བསལ་ལྟ་སྐུལ་དོ་དམ་ཁུལ་གྱི་ཁེ་ལས་ཀྱི་ཚོང་དོན་གཏོང་ཡོང་གི་འགྲོ་ལུགས་སྟབས་བདེ་རུ་གཏོང་བ། དངུལ་ཁང་ནས་དངོས་ཟོག་ཚོང་དོན་གྱི་དམིགས་བསལ་དངུལ་འགྲུལ་ཕྱིར་སློག་གི་དབང་ཚད་ལྷུག་ཏུ་གཏོང་བ་སོགས་ཚུད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།