དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི“རིམ་པ་གསུམ་པའི་འཛུགས་སྐྲུན”གྱི་ཏང་དམངས་སློབ་གསོའི་རྟེན་གཞི་ཐོག་མ་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-13

    ཟླ་4ཚེས་10ཉིན། “མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྲོང་བྱང་ཁུལ‘རིམ་པ་གསུམ་པའི་འཛུགས་སྐྲུན’གྱི་ཏང་དམངས་སློབ་གསོའི་རྟེན་གཞི”དངོས་སུ་སྤྱོད་འགོ་ཚུགས་ཤིང་། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཏང་ཡོན་གྱི་གཅིག་སྡུད་སློབ་གསོ་དང་དབྱིངས་ཞུགས་ཉམས་ལེན་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི“རིམ་པ་གསུམ་པའི་འཛུགས་སྐྲུན”གྱི་བརྗོད་དོན་གཙོ་བོའི་ཏང་དམངས་སློབ་གསོའི་རྟེན་གཞི་ཐོག་མ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “རིམ་པ་གསུམ་པའི་འཛུགས་སྐྲུན”གྱི་ཏང་དམངས་སློབ་གསོའི་རྟེན་གཞིའི་ས་བཟུང་རྒྱ་ཁྱོན་ལ་སྨི་ངོས་གྲུ་1248ཡོད་པ་དེ“སྦྱོང་བརྡར་མཐར་ཕྱིན་པ། འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་རང་འགན་ཐེག་པ་འཁུར་ལེན་མངོན་པ”དང“ཆུ་ཐིགས་བསགས་པའི་རྒྱ་མཚོ། ངར་སེམས་ཆེར་སྐྱེད་བྱས་ནས་ཐོག་མའི་བསམ་འདུན་སྐྱོང་བ”བཅས་ལེའུ་གཉིས་སུ་དབྱེ་ཡོད་པ་རེད། དངོས་ལྗོངས་རྣམ་པའི་ཐོག་ནས“རིམ་པ་གསུམ་པའི་འཛུགས་སྐྲུན”དུས་སྐབས་ཀྱི་ཟི་ལིང་དང་། མཚོ་ཤར། མཚོ་སྔོན་པོ་སོགས་ས་ཁུལ་གྱི་གཙོ་གནད་བཟོ་ཁུལ་30མངོན་པ་དང་། ཡུལ་ལྗོངས་རྣམ་པའི་ཐོག་ནས“སྒྲིག་སྦྱོར་འཁོར་ཁང”དང“ལོ་རབས་བརྒྱད་ཅུ་པའི་ཁྱིམ་ཚང”སོགས་ཐོན་སྐྱེད་དང་འཚོ་བའི་རྣམ་པ་སླར་གསོ་བྱས་པ། ལོ་རབས་དྲུག་ཅུ་པ་ནས་ལོ་རབས་དགུ་བཅུ་པའི་བར་གྱི“ཅ་ལག་རྙིང་པ”261འགྲེམས་སྟོན་བྱས་ཡོད། རིན་ཐང་ལྡན་པ་དང་། རྩ་ཆེ་བ། མཚོན་བྱེད་རང་བཞིན་ལྡན་པ་བཅས་ཀྱི“རིམ་པ་གསུམ་པའི”ཚད་ལྡན་ཡིག་ཆ་དང་ལོ་རྒྱུས་དཔྱད་གཞི་ཁག་105ཐོག་མར་མངོན་པ་དང“ཡིག་རིས་དཔྱད་གཞིར་བརྟེན་ནས་ལོ་རྒྱུས་བརྗོད་པ་+སྨྱན་སྦྱོར་མང་པོ་མཉམ་འགུལ་+རྣམ་པ་སླར་གསོ”བཅས་ཀྱི་ཐབས་ལམ་བརྒྱུད། 1964ལོ་ནས་1980ལོའི་བར“རིམ་པ་གསུམ་པའི་འཛུགས་སྐྲུན”གྱི་མཚོ་སྔོན་དུས་སྐབས་ཀྱི་ལོ་རྒྱུས་ཕྱོགས་ཡོངས་དང་། ཟུར་ཚད་མང་བ། དབྱིངས་ཞུགས་རྣམ་པ་བཅས་ཀྱི་ཐོག་ནས་མངོན་པར་བྱས་ཡོད།

    “རིམ་པ་གསུམ་པའི་འཛུགས་སྐྲུན”གྱི་ལོ་རྒྱུས་བརྒྱུད་རིམ་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད། གྲོང་བྱང་ཁུལ་གྱིས་ལོ་རྒྱུས་དང་དོན་དངོས་དང་། རྒྱལ་ཡོངས་དང་མཚོ་སྔོན་གྱི་མཐོང་ཚོར་སྣ་མང་ལ་དམིགས་ནས། རིགས་པའི་གཞུང་ལུགས་དང་ལག་ལེན་ཕྱོགས་མཐུན་མཉམ་སྐྱོད་དང་། ལྟ་སྐོར་སློབ་སྦྱོང་དང་ཡུལ་ལྗོངས་རྣམ་པའི་ཏང་གི་སློབ་ཚན་ཕན་ཚུན་མཉམ་འགུལ། མངོན་གསལ་སློབ་གསོ་དང་མངོན་མེད་སློབ་གསོ་སྤེལ་རེས་བཅས་ཀྱི་ཏང་ཡོན་གྱི་སློབ་གསོའི་སློབ་ཚན་གྱི་ཐོན་ཁུངས་མ་ལག་ཧུར་ཐག་བཏོད་དེ་དུས་སྐབས་གསར་པའི་ཏང་ཡོན་གྱི་སློབ་གསོའི་ལས་དོན་གྱི་རྨང་གཞི་བརྟན་དུ་བཏང་ཡོད། དེ་དང་ཆབས་ཅིག གྲོང་བྱང་ཁུལ་གྱི“རིམ་པ་གསུམ་པའི་འཛུགས་སྐྲུན”གྱི་ཏང་དམངས་སློབ་གསོའི་རྟེན་གཞིས་ས་གནས་ས་ཐོག་གི་སློབ་ཁྲིད་དང་། ཡུལ་ལྗོངས་རྣམ་པའི་སློབ་ཁྲིད། ཉམས་ལེན་སློབ་ཁྲིད། རིགས་པའི་གཞུང་ལུགས་མཐོ་རུ་གཏོང་བ་བཅས་ཟུང་འབྲེལ་དམ་ཟབ་བྱས་ནས“ཕྱོགས་བཞི་གཞི་གཅིག་ཅན”གྱི་ཏང་ཡོན་གྱི་སློབ་ཁྲིད་བྱེད་སྟངས་ཇུས་འགོད་ཞིབ་ཚགས་དང་། བཅར་གླེང་རྣམ་པའི་ཡུལ་རྣམ་ཁྱད་ལྡན་གྱི་ཏང་གི་སློབ་ཚན་ཁྱབ་གདལ། ཉེ་འགྲམ་དུ“རིམ་པ་གསུམ་པའི་རིག་གནས་འཆད་ཉན་ཁང”སྐྲུན་པ་བཅས་བྱས་ཏེ་དུས་རབས་གསར་པའི་ཏང་ཡོན་སློབ་གསོའི་རྨང་གཞིར་འགན་ལེན་གལ་ཆེན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།