དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་དུམ་བུའི་འབྲི་ཆུར་ཉ་རྒྱ་བསྡམས་པའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-13

    ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱུང་བར། འབྲི་ཆུར་ཉ་རྒྱ་བསྡམས་པའི་ལས་དོན་སྤེལ་ཚུན། མཚོ་སྔོན་གྱིས“ལམ་སྲོལ་འཛུགས་པ་དང་། དྲིལ་བསྒྲགས་ལ་ཤུགས་སྣོན་རྒྱག་པ། ཁྲིམས་སྒྱུར་ནན་པོ་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ། སླར་གསོར་སྐུལ་འདེད་གཏོང་བ”སོགས་ཀྱི་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ཞིང་ཆེན་དང་། ཀྲོའུ། རྫོང་བཅས་རིམ་གསུམ་གྱི་ཉ་རྒྱ་བསྡམས་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་ལས་དོན་ཆེད་སྒྲུབ་ཚོགས་ཆུང་འཛུགས་པར་མཛུབ་ཁྲིད་བྱས་ཏེ་སྡེ་ཚན་མཉམ་འབྲེལ་དང་། མཉམ་འགུལ་ཁྲིམས་སྒྱུར། དྲ་མིག་ཅན་གྱི་དོ་དམ། ཆ་འཕྲིན་བཀོད་གཏོང་། ལྟ་སྐུལ་ཞིབ་བཤེར། བྱ་དགའ་ཡོད་པའི་ཐེར་འདོན། ལྟ་ཞིབ་བརྟག་དཔྱད། བརྡ་ཁྱབ་དག་ཐེར་སོགས་ཀྱི་ལམ་ལུགས་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། “ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་གཙོ་ཁྲིད། སྡེ་ཚན་མཉམ་འགུལ། སྤྱི་ཚོགས་ཞུགས་པ”བཅས་ཀྱི་ཉ་རྒྱ་བསྡམས་པའི་དོ་དམ་ལམ་སྲོལ་ཆགས་པར་བྱས་པས། འབྲི་ཆུ་རྒྱུག་ཁུལ་མཚོ་སྔོན་དུམ་བུའི་ཉ་རྒྱ་བསྡམས་པའི་ལས་དོན་ལ་སྐུལ་འདེད་ནུས་ལྡན་ཐེབས་པ་དང་འབྲི་ཆུ་རྒྱུག་ཁུལ་མཚོ་སྔོན་དུམ་བུར་ཉ་འཛིན་དང་འབྲེལ་བའི་གྱོད་གཞི་ཆེན་པོ་གཅིག་ཀྱང་ཐོན་མེད་པ་དང་ལས་དོན་དེར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།

    འབྲི་ཆུའི་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་ལ་བདག་སྐྱོང་ཡག་པོ་བྱ་ཆེད། ཉ་ལས་ཐོན་ཁུངས་ཀྱི་རྨང་གཞིའི་བརྟག་དཔྱད་དང་། ཉ་རྒྱ་བསྡམས་པའི་ཕན་འབྲས་ཚོད་སྐོར། ཆེད་དོན་དམིགས་ཁྲོལ་ཉ་འཛིན་བཅས་ཀྱི་དོ་དམ་ལམ་ལུགས་བཟོས་ནས་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་དང་མཉམ་དུ་ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་ལྟ་ཞིབ་དང་ཆ་ཚང་རང་བཞིན་གྱི་སྟོན་གྲངས་གདེང་འཇོག་ལས་དོན་སྤེལ་བ་བརྒྱུད། འབྲི་ཆུའི་ཆུ་འགོའི་ཉ་རིགས་ཁྱུ་ཚོགས་ཀྱི་གྲུབ་ཚུལ་དང་། གྲུབ་ཆ། འཚོ་གནས། ཐོན་ཁུངས་འགྱུར་ལྡོག་བཅས་ཀྱི་གནས་ཚུལ་སྤྱིའི་ཆ་ནས་ཁོང་དུ་ཆུད་པ་མ་ཟད། འབྲི་ཆུ་རྒྱུག་ཁུལ་མཚོ་སྔོན་དུམ་བུར་ཉ་རིགས་གསར་པ་1དང་ཟིན་ཐོར་བཀོད་མེད་པའི་ཉ་རིགས་2ཡོད་པ་ཤེས་རྟོགས་བྱུང་བ་དང་། ལྷག་པར་དུ“རྩ་སྟོངས”སོང་ནས་ལོ་30ལྷག་ཙམ་སོང་བའི་ཉ་རིགས་ཁག་གཅིག་ཤེས་རྟོགས་ཐུབ་ཡོད།

    མིག་སྔར། འབྲི་ཆུའི་མཚོ་སྔོན་དུམ་བུའི་ཆུ་རྒྱུད་ཀྱི་ཀྲོའུ་གསུམ་དང་རྫོང་དགུ་ཚང་མར་ཞིང་ལས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་སྒྱུར་སྒྲིག་གཞི་བཙུགས་ནས་རྒྱང་རིང་བརྙན་ལམ་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་123བསྒར་བའི་ནང་འབྲི་ཆུ་རྒྱུག་ཁུལ་དུ་32བསྒར་ཡོད། སྐོར་སྲུང་རུ་མི་1320སྒྲིག་འཛུགས་བྱས་ནས་རྒྱུན་རྣམ་ཅན་གྱི་ཆུ་ལམ་སྐོར་སྲུང་དང་སྲིད་ཇུས་དྲིལ་བསྒྲགས་སོགས་ཀྱི་ལས་དོན་སྤེལ་བར་གཞོགས་འདེགས་བྱེད་ཀྱི་ཡོད། ཞིང་ཆེན་ཡོངས་སུ་ཉ་འཛིན་མི་ཆོག་པའི་ཕུགས་ཕན་ལྟ་འདོམས་ལམ་སྲོལ་གཞི་རྩའི་ཆར་བཙུགས་པ་བརྒྱུད་ཉ་རྒྱ་བསྡམས་པའི་ལས་དོན་ཆེད་སྒྲུབ་ཚོགས་ཆུང་འཁོར་སྐྱོད་ནུས་པ་ཆེ་བ་དང་། ཁོངས་གཏོགས་ཁུལ་གྱི་ལྟ་འདོམས་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་པ། སྡེ་ཚན་དབར་གཞོགས་འདེགས་དེ་བས་དམ་ཟབ་ཐུབ་པ། ཆེད་དོན་བཅོས་སྒྲིག་གི་ཟིལ་གནོན་ནུས་པ་ཆེ་བ། ཐོན་ཁུངས་བརྟག་དཔྱད་མ་ལག་འཐུས་སྒོ་ཚང་བ་བཅས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།