དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུའི་སྟེང་གི་བོད་རིགས་གཞོན་ནུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-13

    འདི་ནི་བློ་བཟང་དོན་གྲུབ་ཀྱི་དམངས་སྲོལ་གནས་ཚང་ཡིན་པ།

    འདི་ནི་བློ་བཟང་དོན་གྲུབ་ཀྱིས་རང་ཁྱིམ་གྱི་དམངས་སྲོལ་གནས་ཚང་དུ་ཁང་པར་གཙང་སྦྲ་བྱེད་བཞིན་པ།

    ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཆུ་མདོ་གྲོང་རྡལ་རྐུ་ཐང་གྲོང་ཚོར་གནས་པའི་ཁམ་བུའི་མེ་ཏོག་ལུང་གཞུང་ནི་ཡུལ་སྐོར་བ་རྣམས་མེ་ཏོག་ལ་ལྟ་བར་འགྲོ་ས་གལ་ཆེན་ཞིག་རེད། བློ་བཟང་དོན་གྲུབ་ཀྱིས་གྲོང་ཚོའི་ནང་བོད་ཁྱིམ་དམངས་སྲོལ་གནས་ཚང་ཞིག་གཉེར་ཡོད། བློ་བཟང་དོན་གྲུབ་ནི་དགུ་བཅུ་ནང་སྐྱེས་ཡིན་པ་དང་། ལོ་22ལ་སླེབས་སྐབས་ཡུན་ནན་ནས་དམག་ཞབས་ཐིམ་སྟེ་ཕ་ཡུལ་དུ་ལོག་རྗེས་བེ་ཤྭ་དང་སྨན་རྒྱུའི་ཚོང་བརྒྱབ་པ་རེད།

    2020ལོར་བློ་བཟང་དོན་གྲུབ་ཀྱིས་སྐྱེད་ཀ་དམའ་བའི་དངུལ་བུན་སྲིད་ཇུས་ལ་བརྟེན་ནས་མ་དངུལ་རག་ཐབས་བྱས་ཏེ་ཡུལ་སྐོར་བ་13ཤོང་བའི་དམངས་སྲོལ་གནས་ཚང་ཞིག་བསྐྲུན། 2021ལོར་དམངས་སྲོལ་གནས་ཚང་དངོས་སུ་གཉེར་བ་དང་བློ་བཟང་དོན་གྲུབ་ཀྱིས་ལྷག་བསམ་ཟོལ་མེད་ངང་མགྲོན་པོར་ཞབས་འདེགས་ཞུས་པས་ཡིད་ཆེས་དང་བསྔགས་བརྗོད་ཐོབ་ཅིང་། “ད་ཆ་ཧ་ལམ་མ་རྩ་དང་སྐྱེད་ཀ་གཉིས་ཀ་ཚུར་རག་བྱུང”ཞེས་བློ་བཟང་དོན་གྲུབ་ཀྱིས་འཛུམ་དམུལ་དམུལ་ངང་བཤད།

    དེང་སྐབས་འགྲིམ་འགྲུལ་སྔར་བས་སྟབས་ཇེ་བདེར་ཕྱིན་པ་དང་བསྟུན་ནས་ཁམ་བུའི་མེ་ཏོག་ལ་ལྟ་བར་ཡོང་མཁན་ཡུལ་སྐོར་བ་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། བློ་བཟང་དོན་གྲུབ་ཀྱང་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས། “སླད་ཕྱིན་གྲོང་མི་ཚོའི་སྣེ་ཁྲིད་ནས་མཉམ་དུ་ལས་ཀར་གཞོལ་རྒྱུའི་རེ་བ་ཡོད”ཅེས་བརྗོད། བློ་བཟང་དོན་གྲུབ་ནི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་གྱི་བོད་ཀྱི་གཞོན་ནུའི་འཐུས་ཚབ་ཅིག་རེད། གྲོང་སྡེ་རེ་རེའི་ནང་གཞོན་ནུ་རེ་རེས་ལང་ཚོའི་ཉམས་བཟང་ལ་བརྟེན་ནས་ཁོང་ཚོའི་བོད་ཁྱིམ་གྱི་གཏམ་རྒྱུད་རྩོམ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།