དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཉིང་ཁྲིའི་ཀུ་ཤུ་ནེ་པ་ལར་ཕྱིར་འཚོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-13

    གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ཉིང་ཁྲིའི་ཀུ་ཤུ་སོས་པ་ཏུན་23སྐྱིད་གྲོང་འགག་སྒོ་བརྒྱུད། ནེ་པ་ལར་ཕྱིར་གཏོང་བྱས་པ་དེ་ཐོག་ནས་བོད་ཀྱི་ཤིང་ཏོག་ཕྱིར་གཏོང་ཐོག་མར་བྱས་པ་མཚོན་གྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། མངར་ཤས་ཆེ་བ་དང་། བྲོ་བ་ཞིམ་པ། སྦགས་བཙོག་མེད་པ་བཅས་ཀྱི་ཉིང་ཁྲིའི་ཀུ་ཤུར་འཛད་སྤྱོད་པས་དགའ་པོ་བྱེད་ཀྱི་ཡོད། 2023ལོར་ཉིང་ཁྲིས་བཏབ་པའི་ཀུ་ཤུའི་རྒྱ་ཁྱོན་མུའུ་ཁྲི་3.78ཟིན་པ་དང་ཐོན་ཚད་ཏུན་ཁྲི་1.5ཙམ་ཟིན་པར་ཕྱིར་གཏོང་གི་གཏིང་ཤུགས་ཆེ་ཙམ་ལྡན་ཡོད། འདི་ལོའི་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“བོད་ཀྱི་ལེགས་ལྡན་ཐོན་རྫས་ཕྱི་རྒྱལ་གྱི་ཁྲོམ་རར་འདོན་པར་རྒྱབ་སྐྱོར་བྱེད་དགོས”ཞེས་བཏོན་ཡོད། ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་འགན་ནུས་གང་ལེགས་བཏོན་ནས་བརྟག་ཞིབ་ཧུར་ཐག་བྱས་ཤིང་། ཁེ་ལས་ཀྱི་ཕྱིར་འཚོང་འདོད་མོས་ཤེས་རྟོགས་བྱུང་རྗེས། རང་འགུལ་ངང་འབྲེལ་མཐུད་དང་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་ཀྱིས་བོད་ཀྱི་ཀུ་ཤུ་ཕྱིར་གཏོང་ཐོག་མར་བྱེད་པར་སྐུལ་འདེད་བཏང་ཡོད།

    ད་ཐེངས་ནེ་པ་ལར་དབོར་བའི་ཉིང་ཁྲིའི་ཀུ་ཤུ་ཏུན་23.38དེ་བོད་ལྗོངས་ཧྲང་ཁྲེང་བདེ་ཐང་ཐོན་ལས་མ་རྐང་ཚད་ཡོད་ཀུང་སིས་ཕྱིར་གཏོང་བྱས་པ་ཞིག་རེད། “ཁེ་ལས་ཐོ་འགོད་སྙན་སེང་དང་། ཤིང་འབྲས་ལྡུམ་ར་ཐོ་འགོད། ནད་ཡམས་ཞིབ་བཤེར་སོགས་ལ་འགག་སྒོ་ལས་ཁུངས་ཀྱིས་ཆེད་ལས་རང་བཞིན་གྱི་མཛུབ་ཁྲིད་ཐེངས་མང་བྱས་པ་ལས། ཨེ་ཤེ་ཡ་ལྷོ་མའི་རྒྱལ་སྤྱིའི་ཚོང་དོན་ཁྲོམ་རར་ཕྱིར་གཏོང་བྱེད་པའི་ང་ཚོའི་གདེང་ཚོད་ཆེ་རུ་ཕྱིན་སོང”ཞེས་དང“ད་ལོ་ང་ཚོས་ཀུ་ཤུ་ཏུན་1000ཕྱིར་གཏོང་བྱ་རྩིས་ཡོད་པ་མ་ཟད། ད་དུང་ཀུ་ཤུའི་སྡོང་ཕྲུག་དང་བཟའ་བཅའི་ཤ་མོ་སོགས་ཐོན་རྫས་ཀྱང་ཕྱིར་གཏོང་བྱ་རྩིས་ཡོད”ཅེས་ཀུང་སི་དེའི་འགན་འཁུར་བ་ལི་ལུང་ཅིང་གིས་བཤད།

    ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ཟམ་མི་ཆད་པར་ཆེ་རུ་བཏང་ཞིང་། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2023ལོར་བོད་ཀྱི་འགག་སྒོ་ནས་ཕྱིར་གཏོང་བྱས་པའི་བཟའ་བཅའ་དང་ཞིང་ཞོར་ཐོན་རྫས་ཏུན་ཁྲི་10ལྷག་ཙམ་ཟིན་པ་དང་དེའི་རིན་ཐང་སྒོར་དུང་ཕྱུར་5.1ཟིན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།