དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་གཏིང་རིང་ཤོས་ཀྱི་ས་འོག་ཚ་ནུས་ཁྲོན་པ་དྲུས་པར་སྨི་5200ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-12

    ཚེས་8ཉིན་གསར་འགོད་པར་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་ཚད་ཡོད་ཀུང་སིས་ཧའེ་ནན་དུ་བཀོད་སྒྲིག་བྱས་པའི་ཧྥུའུ་ས་འོག་ཚ་ནུས་ཁྲོན་པ་དང་པོ་བདེ་བླག་ངང་དྲུས་པར་གཏིང་ཚད་སྨི་5200ཟིན་ནས། རང་རྒྱལ་གྱི་གཏིང་རིང་ཤོས་ཀྱི་ས་འོག་ཚ་ནུས་ཀྱི་ཚན་རིག་དང་མཐུན་པའི་རྩད་ཞིབ་གཏེར་ཁྲོན་གྱི་ཟིན་ཐོ་གསར་པ་བཏོད་ཡོད། ཁྲོན་པ་དེ་བདེ་བླག་ངང་དྲུས་པ་ལས་ཧྭ་ལྷོ་ས་རྒྱུད་ཀྱི་གཏིང་རིང་བའི་ས་འོག་ཚ་ནུས་ཆགས་ཚུལ་དང་ཕུན་སུམ་ཚོགས་པའི་རྐྱེན་རྩ་མངོན་པ་མ་ཟད། རང་རྒྱལ་གྱི་སྐམ་ཚའི་བྲག་རྡོ་རྩད་ཞིབ་བྱེད་པར་ས་ཁུལ་དང་གཏིང་ཚད་ཐད་ཚད་བརྒལ་གསར་པ་བྱུང་བའང་མཚོན་གྱི་ཡོད།

    གྲངས་གཞི་ལས་མངོན་པར། རང་རྒྱལ་གྱི་སྐམ་སའི་ས་འོག་གི་སྟོང་སྨི་3ནས་སྨི་ཁྲི་1བར་གྱི་ཁྱབ་ཁོངས་ནང་སྐམ་ཚའི་བྲག་རྡོའི་རིགས་ཀྱི་ས་འོག་ཚ་ནུས་ཐོན་ཁུངས་ཀྱི་འབོར་གྲངས་ཕབ་རྩིས་བྱས་ན་ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར་ཁྲི་856ཟིན་པ་དང་2%ལས་སྔོག་འདོན་མ་བྱས་པའི་དབང་དུ་བཏང་ནའང་2023ལོའི་རང་རྒྱལ་གྱི་ལོ་ཧྲིལ་པོའི་ནུས་རྒྱུ་འཛད་སྤྱོད་བྱེད་ཚད་ཀྱི་ལྡབ་2990ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།