དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་གུང་ཁྲན་ཏང་དང་པར་ཙིར་ངལ་རྩོལ་བཟོ་པའི་ཏང་གི་རིགས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་སྐབས་བདུན་པ་འཚོགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-12

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་གུང་ཁྲན་ཏང་དང་པར་ཙིར་ངལ་རྩོལ་བཟོ་པའི་ཏང་གི་རིགས་པའི་གཞུང་ལུགས་བགྲོ་གླེང་ཚོགས་འདུ་སྐབས་བདུན་པ་པེ་ཅིང་དུ་འཚོགས་པ་རེད།

    ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའི་པུའུ་ཀྲང་ལིའུ་ཅན་ཁྲའོ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ཐུང་ལུའུ་ལ་སོ་སོས་བགྲོ་གླེང་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་ལས་ཚོགས་འདུ་ཡག་པོ་གཉེར་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་ཐུབ་ཡོད། ད་ལོ་ནི་ཀྲུང་པར་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བ་དང་ཀྲུང་གོ་གུང་ཁྲན་ཏང་དང་པར་ཙིར་ངལ་རྩོལ་བཟོ་པའི་ཏང་དབར་འབྲེལ་བ་བཙུགས་ནས་ལོ་40འཁོར་བའི་ལོ་ཞིག་རེད། ཀྲུང་གོ་གུང་ཁྲན་ཏང་གིས་པར་ཙིར་ངལ་རྩོལ་བཟོ་པའི་ཏང་དང་མཉམ་དུ་ཏང་གཉིས་ཀྱི་སྤེལ་རེས་དང་མཉམ་ལས་གྲོས་མཐུན་དོན་འཁྱོལ་ཡག་པོ་བྱས་ནས་ཀྲུང་པར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    པར་ཙིར་ངལ་རྩོལ་བཟོ་པའི་ཏང་གི་ཀྲུའུ་ཞི་ཧོ་ཧྥུའུ་མན་གྱིས། དུས་བབ་གསར་པའི་འོག་པར་ཙིར་ངལ་རྩོལ་བཟོ་པའི་ཏང་གིས་ཀྲུང་གོ་གུང་ཁྲན་ཏང་དང་འགྲོ་འོང་བྱེད་ཤུགས་ཆེ་རུ་བཏང་ནས་ཏང་སྐྱོང་རྒྱལ་སྐྱོང་གི་འདུ་ཤེས་དང་ཉམས་མྱོང་སྤེལ་རེས་ཟབ་ཏུ་གཏོང་བ་དང་མཐུན་སྒྲིལ་མཉམ་ལས་དམ་ཟབ་བྱས་ཏེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།