དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྲན་ཏུང་རུང་ཁྲེང་གི་གྲུ་གཟིངས་བཟོ་སྐྲུན་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཁྲོམ་ར་རྒྱ་ཆེར་བཏང་བ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-12

    འདི་ནི་ཧྲན་ཏུང་ཞིང་ཆེན་རུང་ཁྲེང་གྲོང་ཁྱེར་ཤིན་ཧུང་ལྕི་བའི་བཟོ་ལས་ཚད་ཡོད་ཀུང་སིའི་གྲུ་གཟིངས་བཟོ་སྐྲུན་རྟེན་གཞིར་བཟོ་པ་ཚོས་རྒྱལ་ཁབ་དང་ས་ཁུལ་མང་པོའི་གྲུ་གཟིངས་ཆེ་གྲས་ཚ་ཚ་འུར་འུར་ངང་བཟོ་བཞིན་པ།

    2024ལོའི་ཟླ་4ཚེས་9ཉིན། ཧྲན་ཏུང་རུང་ཁྲེང་གྲོང་ཁྱེར་ཤིན་ཧུང་ལྕི་བའི་བཟོ་ལས་ཚད་ཡོད་ཀུང་སིའི་གྲུ་གཟིངས་བཟོ་སྐྲུན་རྟེན་གཞིར་གྲུ་གཟིངས་ཆེ་གྲས་ཉམས་བཟོ་སྒྱུར་བཀོད་ལས་སྒོའི་ཚ་རླབས་འཕྱུར་ཞིང་། བཟོ་པ་ཚོས་ཀེ་རི་སེ་དང་། རྒྱ་གར། སིང་ཀ་ཕོར། དབྱིན་ཇི། རི་པིན། ཧན་གོ་སོགས་རྒྱལ་ཁབ་དང་ས་ཁུལ་མང་པོའི་གྲུ་གཟིངས་ཆེ་གྲས་ཚ་ཚ་འུར་འུར་ངང་བཟོ་བཞིན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་རུང་ཁྲེང་གྲོང་ཁྱེར་གྱི་གྲུ་གཟིངས་བཟོ་སྐྲུན་ཁེ་ལས་ཀྱིས་ཐོན་རྫས་ཀྱི་གྲུབ་ཆ་ལེགས་སྒྱུར་རིམ་སྤོར་བྱེད་པ་དང་དུས་མཚུངས་རྒྱལ་སྤྱིའི་ཁྲོམ་ར་རྒྱ་ཆེར་ཧུར་ཐག་བཏང་བས་ཕྱི་རྒྱལ་གྱི་གྲུ་གཟིངས་བཟོ་སྐྲུན་མངགས་ཐོ་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།