དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2024ལོའི་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་ཆེད་དོན་ཐེབས་རྩའི་ཐེ་ལན་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-12

    ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དང་ཐེ་ལན་གྱི་ཕྱི་འབྲེལ་པུའུ་ཡིས་མཉམ་དུ2024ལོའི་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་ཆེད་དོན་ཐེབས་རྩའི་ཐེ་ལན་རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་པའི་མཛད་སྒོ་དང“རྫ་ཆུ་དང་མེ་ཀུང་གཙང་པོའི་གཟའ་འཁོར”གྱི་དྲན་གསོའི་བྱེད་སྒོ་ཚེས་5ཉིན་ཐེ་ལན་གྱི་རྒྱལ་ས་པང་ཁོག་ཏུ་གཉེར་བ་རེད།

    ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧན་ཀྲི་ཆང་གིས་བྱེད་སྒོའི་ཐོག་ཤིས་ཚིག་བསྒྲོན་སྐབས། ཁོང་གིས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལག་ལེན་བསྟར་ནས་ལོ་8སོང་རིང་། གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་ཆེན་པོ་བསྐྲུན་ཏེ་ས་ཁུལ་དར་རྒྱས་བརྟན་ལྷིང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སྲུང་སྐྱོང་ལ་ནུས་པ་ཆེན་པོ་བཏོན་ཡོད། ཐེ་ལན་ནི་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་གྲོས་འགོ་འདོན་མཁན་རྒྱལ་ཁབ་གཙོ་བོ་དང་དེའི་ནང་ཞུགས་མཁན་རྒྱལ་ཁབ་གཙོ་བོ་ཞིག་ཡིན་ལ། རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ལས་ཕན་པ་ཐོབ་མཁན་རྒྱལ་ཁབ་ཀྱང་ཡིན། ད་རེས་སླར་ཡང་མཉམ་དུ་ཐེ་ལན་ཕྱོགས་ཀྱི་རྣམ་གྲངས་18ལག་ལེན་བསྟར་འགོ་བཙུགས་པ་དེས་ཡར་ངོའི་ཟླ་ལྟར་གྱི་འཕེལ་རྒྱས་རྣམ་པ་འདི་རྒྱུན་མཐུད་བྱས་ཏེ་ཐེ་ལན་དང་ཆུ་རྒྱུན་འབབ་ཡུལ་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་ཞིག་སྣོན་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བརྗོད།

    ཐེ་ལན་གྱི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་དང་ལས་ཚབ་པུའུ་ཀྲང་གཞོན་པ་གཅིག་ལྕོགས་པུའུ་ས་ཏིས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་དགེ་མཚན་ལྡན་པའི་དོན་སྙིང་དང་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་འབྲེལ་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་ཆེད་དོན་ཐེབས་རྩས་རྒྱལ་ཁབ་ཁག་གི་དཔལ་འབྱོར་སླར་གསོར་སྐུལ་མ་ཐེབས་ནས་དམངས་འཚོ་ཡར་རྒྱས་ལ་རོགས་རམ་ཐུབ་པར་ཐུགས་རྗེ་ཆེའང་ཞུས་ཤིང་། ཁོང་གིས་འདི་ལོ་ཐེ་ལན་གྱིས་རྫ་ཆུ་དང་མེ་ཀུང་གཙང་པོའི་མཉམ་ལས་ཀྱི་ཐུན་མོང་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་བཞེས་པས། ཀྲུང་གོ་དང་ཆུ་རྒྱུན་འབབ་ཡུལ་གྱི་རྒྱལ་ཁབ་དང་མཉམ་ལས་དམ་ཟབ་བྱས་ཏེ་ཞི་བདེ་དང་དར་རྒྱས་ཀྱི་རྫ་ཆུ་དང་མེ་ཀུང་གཙང་པོའི་རྒྱལ་ཁབ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་འདོད་ཡོད་ཅེས་བརྗོད།

    ཐེ་ལན་དུ་བཅའ་སྡོད་ལོ་སི་དང་། འབར་མའི་གཞུང་ཚབ་ཆེ་མོ་བ་དང་། ཐེ་ལན་དུ་བཅའ་སྡོད་ཁམ་ཕུ་ཁྲེ་དང་ཝེ་ཐེ་ནམ་གྱི་གཞུང་ཚབ་ཁང་གི་འཐུས་མི་དང་དེ་བཞིན་ཐེ་ལན་གྱི་འབྲེལ་ཡོད་སྲིད་གཞུང་གི་སྡེ་ཚན་དང་རྣམ་གྲངས་ལག་བསྟར་ཚན་པ་བཅས་ཀྱི་མི་བརྒྱ་ཙམ་བྱེད་སྒོར་ཞུགས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།