དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་མ་དངུལ་བཏང་ནས་བསྐྲུན་པའི་ལོ་སིའི་ཆུ་ཤུགས་གློག་ཁང་བདེ་འཇགས་ངང་འཁོར་སྐྱོད་བྱས་ནས་ཉིན་5000ཕྱིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-12

    ཟླ་4ཚེས་9ཉིན་ཀྲུང་གོ་འགྲིམ་འགྲུལ་ཚོགས་པའི་ཀྲུང་གོ་ཆུ་བེད་གློག་ཤུགས་ཕྱི་ཕྱོགས་ཚད་ཡོད་ཀུང་སིས་མ་དངུལ་བཏང་སྟེ་བསྐྲུན་ནས་གཉེར་སྐྱོང་བྱེད་པའི་ལོ་སིའི་ནན་ལི་1-2ཆུ་ཤུགས་གློག་ཁང་བདེ་འཇགས་ངང་འཁོར་སྐྱོད་བྱས་ནས་ཉིན་5000སོང་བ་དང་། རིམ་རྩིས་བྱས་ན་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་67ལས་བརྒལ་ནས་ས་གནས་དེ་གའི་མི་འབོར་ཁྲི་300ལ་གློག་མཁོ་འདོན་ཐུབ་ཡོད། ལོ་སིའི་ནན་ལི་1-2ཆུ་ཤུགས་གློག་ཁང་གི་གློག་འདོན་ཚད་ཆན་ཝ་ཁྲི་10ཟིན་པ་དང་དམིགས་བསལ་ཆོག་མཆན་སྤྲད་པའི་གཉེར་སྐྱོང་དུས་ཡུན་ལོ་25ཡིན་པ་དེ་ནི་ཀྲུང་ལོ་རྒྱལ་ཁབ་གཉིས་ཀྱི་ཆུ་གློག་ཁྱབ་ཁོངས་ཀྱི་མཉམ་ལས་གསར་སྤེལ་གྱི་གཙོ་གནད་རྣམ་གྲངས་ཀྱི་གྲས་ཤིག་རེད། 2021ལོར་ལོ་སི་སྲིད་གཞུང་གིས་གློག་ཁང་དེར་རྒྱལ་ཁབ་རིམ་པའི“ངལ་རྩོལ་གཟེངས་རྟགས”ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།