དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྣང་རྫོང་གྲོང་མདའ་གྲོང་རྡལ་གྱིས་ལས་མི་སྤྱོད་པའི་དགོས་མཁོར་བརྟག་དཔྱད་བྱས་ནས་མང་ཚོགས་ཀྱི་ལས་ཞུགས་ལ་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-12

    འདི་ལོ་ནས་བཟུང་སྣང་རྫོང་གྲོང་མདའ་གྲོང་རྡལ་གྱིས་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་གྱི་དོན་དངོས་ལ་དམིགས་ནས་མི་སྤྱོད་ཚན་པའི་དགོས་མཁོ་དང་སྦྲེལ་མཐུད་ཧུར་ཐག་བྱས་ཏེ། གྲོང་གསེབ་ཀྱི་ངལ་ནུས་གཞན་སྒྱུར་གྱི་ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས་ལས་དོན་ཏན་ཏིག་སྤེལ་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཡོད།

    མི་སྤྱོད་ཚན་པ་དང་འབྲེལ་བ་བྱས་ནས་ལས་མི་སྤྱོད་པའི་དགོས་མཁོ་ཤེས་རྟོགས་བྱས་ཤིང་། ལས་བགོས་དོ་དམ་མི་སྣ་ཁག་ཁེ་ལས་དང་། ལས་ཡུལ། ཚོང་ཁང་། ཟ་ཁང་སོགས་སུ་བསྐྱོད་དེ་ལས་མི་སྤྱོད་པའི་དགོས་མཁོ་དང་སྦྲེལ་མཐུད་ཧུར་ཐག་བྱས་ནས་ཁེ་ལས་དང་ལས་ཡུལ་གྱིས་ས་གནས་དེ་གའི་མང་ཚོགས་ལ་ལས་ཞུགས་ཀྱི་ལས་གནས་མཁོ་འདོན་ཧུར་ཐག་བྱས་པས། མང་ཚོགས་ཐག་ཉེ་སར་ལས་ཞུགས་ལ་སྐུལ་འདེད་ཐུབ་པ་དང་ཆབས་ཅིག ལས་ཞུགས་གཞན་སྒྱུར་གྱི་མི་སྤྱོད་ཚན་པའི་འབྲེལ་བ་མཐིལ་རྟོགས་ཐུབ་ཡོད། འདི་ལོ་ནས་བཟུང་རིམ་རྩིས་བྱས་ན་མི་ཐེངས་40ལྷག་ཙམ་བཏང་ནས་ཁེ་ལས་དང་། ལས་ཡུལ། ཚོང་ཁང་། ཟ་ཁང་སོགས་20ལྷག་ཙམ་དུ་བསྐྱོད་དེ་ལས་མི་58ཀྱི་ལས་ཞུགས་ཐག་གཅོད་བྱས་ཡོད།

    དྲིལ་བསྒྲགས་ཀྱི་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཞིང་། ལས་ཞུགས་གཞན་སྒྱུར་གྱི་དྲིལ་བསྒྲགས་ལས་དོན་དེ་གྲོང་ཚོ་འགན་གཙང་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་ཞིང་འབྲོག་པའི་ཉམས་འགྱུར་གསར་པའི་བྱ་སྤྱོད་དང་ཟུང་འབྲེལ་གྱིས་དྲིལ་བསྒྲགས་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་། དུད་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་དང་གཅིག་སྡུད་དྲིལ་བསྒྲགས་སོགས་ཀྱི་རྣམ་པ་བརྒྱུད། རྒྱ་ཆེའི་མང་ཚོགས་ཀྱི་བསམ་བློ་དང་འདུ་ཤེས་འགྱུར་ལྡོག་གཏོང་བར་ཁྲིད་སྟོན་བྱས་ཏེ། ཕྱི་ཕྱོགས་སུ་ལས་ཀ་བྱེད་པར་བསྐྱོད་ནས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། མཐོང་རྒྱ་ཆེ་རུ་གཏོང་བ། ལས་ཀའི་རྩལ་ནུས་ཁོང་དུ་ཆུད་པ་བཅས་བྱས་ཡོད། འདི་ལོ་ནས་བཟུང་འབྲེལ་ཡོད་དྲིལ་བསྒྲགས་བྱེད་སྒོ་ཐེངས་20ལྷག་ཙམ་སྤེལ་ནས་མང་ཚོགས་མི་ཐེངས་1100ལྷག་ཙམ་ལ་སློབ་གསོ་ཐེབས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།