དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྟོད་ལུང་བདེ་ཆེན་ཆུས་ཀྱི“སྐལ་བཟང་མེ་ཏོག”བུད་མེད་དང་བྱིས་པའི་རོགས་སྐྱོབ་མ་དངུལ་ནས་རིམ་རྩིས་བྱས་ན་སྒོར་ཁྲི་300ལྷག་ཙམ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-12

    ཉེ་ཆར་གསར་འགོད་པར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བར། 2013ལོ་ནས་བཟུང་། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱེད་ཀྱི་ཡོད། “སྐལ་བཟང་མེ་ཏོག”བུད་མེད་དང་བྱིས་པའི་རོགས་སྐྱོབ་མ་དངུལ་ནས་རིམ་རྩིས་བྱས་ན་སྒོར་ཁྲི་330བཏང་བ་དང་བུད་མེད་དང་བྱིས་པ་ནད་པ་མི་ཐེངས་425ལ་རོགས་སྐྱོབ་བྱས་པའི་ཁྲོད་བུད་མེད་མི་ཐེངས་135དང་བྱིས་པ་མི་ཐེངས་114ལ་རོགས་སྐྱོབ་མ་དངུལ་སྒོར་ཁྲི་312.6བཏང་བ་རེད།

    “ནུ་མའི་འབྲས་སྐྲན་དང་མངལ་སྐེའི་འབྲས་སྐྲན་ཕོག་པའི་བུད་མེད་ལ་མ་དངུལ་གྱི་རོགས་སྐྱོར་བྱས་ནས་ཁོང་ཚོའི་འཚོ་སྡོད་ཀྱི་ཡིད་ཆེས་ཆེ་རུ་གཏོང་ཆེད། 2013ལོར་སྟོད་ལུང་བདེ་ཆེན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས(སྐབས་དེ་དུས་ཀྱི་སྟོད་ལུང་བདེ་ཆེན་རྫོང་ཨུད་དང་རྫོང་སྲིད་གཞུང་ཡིན)ཞིབ་འཇུག་བྱས་པ་བརྒྱུད‘སྐལ་བཟང་མེ་ཏོག’རོགས་སྐྱོབ་ཆེད་སྤྱོད་མ་དངུལ་བཙུགས་ནས་ནད་ཕོག་པའི་བུད་མེད་ལ་རོགས་སྐྱོབ་བྱེད་ཀྱི་ཡོད། ལོ་ལྟར་ནོར་སྲིད་ཀྱི་སྔོན་རྩིས་ནང་བཅུག་ནས་རིམ་པ་དེ་གའི་ནོར་སྲིད་ཀྱིས་ལོ་ལྟར་མ་དངུལ་སྒོར་ཁྲི་30སྤྲོད་ཀྱི་ཡོད། རྗེས་སུ་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་ནད་གཞི་ལྕི་པོ་ཕོག་པའི་བྱིས་པ་རོགས་སྐྱོབ་བྱེད་ཁོངས་སུ་བཅུག་ཡོད”ཅེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བློ་མཐུན་ཀྲང་ཕུང་ཝུའེ་ཡིས་གསར་འགོད་པར་བརྗོད་པ་རེད།

    གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ལོ་མང་རིང་སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རོགས་སྐྱོབ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། དྲིལ་བསྒྲགས་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་པ། རོགས་སྐྱོབ་དཔུང་ཁག་གི་ཆེད་ལས་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་པ་མ་ཟད། རོགས་སྐྱོབ་བྱེད་སྟངས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་པས་བུད་མེད་དང་བྱིས་པ་མང་པོར་དུས་ཐོག་དང་ནུས་ལྡན་གྱི་རོགས་རམ་ཐོབ་ཡོད།

    “ཕྱིས་སུ་ང་ཚོས་སྲོལ་རྒྱུན་བཟང་པོ་མུ་མཐུད་དར་སྤེལ་གཏོང་བ་དང་། བུད་མེད་དང་བྱིས་པའི་རོགས་སྐྱོབ་ལམ་སྲོལ་མུ་མཐུད་འཐུས་ཚང་དུ་གཏོང་བ། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། རོགས་སྐྱོབ་མི་སྣའི་ནུས་པ་ཆེ་རུ་གཏོང་བ། ཞི་མཐུན་སྤྱི་ཚོགས་བསྐྲུན་ཆེད་ནུས་ཤུགས་ཡོད་རྒུས་སྟོབས་ཤུགས་ལེགས་སྐྱེས་འབུལ་བ་བཅས་བྱས་ནས་བུད་མེད་དང་བྱིས་པ་ཚང་མའི་ཁེ་དབང་འགན་ལེན་བྱ་རྒྱུ་ཡིན”ཞེས་ཀྲང་ཕུང་ཝུའེ་ཡིས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།