དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་བཟའ་བཏུང་ཞབས་ཞུའི་ས་ཚིགས་གཉེར་ནས་རྒན་རྒོན་གྱི་ཚེ་མཇུག་སྐྱིད་སྣང་དོད་པོ་ཡོང་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-12

    དམངས་འཚོར་དོན་ཆུང་མེད། རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུ་ནི་རྒན་རྒོན་ལ་དོ་ཁུར་བྱེད་པའི་འགག་རྩའི་དོན་ཆུང་ཞིག་ཡིན་ལ། ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བའི་དམངས་འཚོའི་དོན་ཆེན་ཞིག་ཀྱང་ཡིན། དམངས་འཚོའི་བྱ་བ་དངོས་དང་བྱ་བ་བཟང་པོ་ཏན་ཏིག་སྒྲུབ་པ་དང་རྒན་རྒོན་གྱི་བདེ་སྣང་སྐྱིད་སྣང་ཆེ་རུ་གཏོང་ཆེད། ཉེ་ཆར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་པད་མ་སྒང་སྡེ་ཁུལ་ཅཱ་སྲུང་སྡེ་ཁུལ་གྱི་རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་ས་ཚིགས་སྒོ་བྱང་བཀལ་ནས་བཙུགས་པ་རེད།

    ཉིང་ཁྲི་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་ཉིང་ཁྲི་གྲོང་ཁྱེར་གྱི་རྒན་རྒོན་གཅིག་སྡུད་ཆེ་བ་དང་། བཟའ་འཐུང་གི་དགོས་མཁོ། དེ་བཞིན་ལེ་ལག་ཚང་བའི་སྒྲིག་ཆས་སོགས་ཕྱོགས་བསྡུས་ཆ་འཕྲིན་དང་ཟུང་འབྲེལ་བྱས་ནས། རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་ས་ཚིགས་བཙུགས་པ་མ་ཟད། རྒན་རྒོན་ཚོར་ཆེད་མངཌ་སྡོད་ས་བཀོད་སྒྲིག་བྱས་ཏེ་ཕྱོགས་གསུམ་པའི་སྒྲིག་གཞིས་སྡེབ་སྐྱེལ་བྱེད་པའི་ལམ་སྲོལ་བཙུགས་ཏེ་ཐག་ཉེ་ས་ནས་བཟའ་འཐུང་གནད་སྨིན་མཁོ་འདོན་ཐུབ་པར་བྱས་ཡོད།

    མིག་སྔར། རྒན་རྒོན་གྱི་བཟའ་བཏུང་ཞབས་ཞུའི་ས་ཚིགས་ཀྱིས་ཞབས་ཞུ་བྱ་ཡུལ་དེ་ལོ་60ལ་སླེབས་པའི་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་གཙོ་བོར་བྱས་ཤིང་། ཞོགས་ཟས་ལ་མི་རེར་སྒོར་8དང་དགུང་ཟས་ལ་མི་རེར་སྒོར་12ཀྱི་ཚད་གཞི་ལྟར་ཁ་ལག་གི་ཁ་གསབ་སྤྲོད་ཀྱི་ཡོད་པ་དང་། ཚད་ལས་བརྒལ་བའི་འགྲོ་གྲོན་མི་སྒེར་གྱིས་སྤྲོད་དགོས་ཀྱི་ཡོད། ཞབས་ཞུའི་ས་ཚིགས་ཡོད་པས་རྒན་རྒོན་ཚོས་རང་ཁྱིམ་གྱི་སྒོ་འགྲམ་ནས་བདེ་སྐྱིད་འཚོ་བ་ལོངས་སྤྱོད་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།