རང་སྐྱོང་ལྗོངས་དྲ་སྦྲེལ་མཐུན་ཚོགས་ཀྱིས་གཅེས་སེམས་ཞལ་འདེབས་ཕུལ་བ།
ཉེ་ཆར། རང་སྐྱོང་ལྗོངས་དྲ་སྦྲེལ་མཐུན་ཚོགས་ཏང་ཀྲི་པུས“གངས་ལྗོངས་ལ་བརྩེ་བ་བཅངས་པའི་eབྱ་སྤྱོད”ཀྱི་དྲ་རྒྱའི་སྤྱི་ཕན་བྱེད་སྒོ་སྤེལ་ཏེ། གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་གཤོང་མ་ཤང་རྒྱལ་མཁར་གྲོང་ཚོའི་བྱིས་པར་སྒོར་ཁྲི་4ཙམ་རི་བའི་གྱོན་གོས་དང་། འཚོ་བའི་མཁོ་ཆས། ཡིག་ཆས་སོགས་སྤྲད་པ་རེད།
གོམས་སྟབས་རྗེས་མར། རང་སྐྱོང་ལྗོངས་དྲ་སྦྲེལ་མཐུན་ཚོགས་ཀྱི་ཏང་ཀྲི་པུས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ལྟེ་བ་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “ཏང་འཛུགས་སྐྱོང་དང་སྤྱི་ཕན”ཟུང་དུ་འབྲེལ་བའི་ལས་ཀའི་རྣམ་པ་བརྒྱུད་རྒྱ་ཆེའི་ལས་བཟོ་དང་དེ་བཞིན་གཅེས་སེམས་ཁེ་ལས་སྤྱི་ཕན་བྱ་གཞག་ནང་ཧུར་ཐག་ཞུགས་པར་ཁྲིད་སྟོན་བྱ་རྒྱུ་ཡིན་པ་རེད།