དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་འབར་ཁམས་སུ་ཤྭ་མོ་བཀོག་པར་བྲེལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-11

    སི་ཁྲོན་འབར་ཁམས་སུ་ཤྭ་མོ་བཀོག་པར་བྲེལ། ↑ཉེ་བའི་ལོ་ཤས་རིང་། འབར་ཁམས་གྲོང་ཁྱེར་གྱིས་ས་མཐོའི་བཟའ་བྱའི་ཤྭ་མོ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཞིང་། སྲིད་ཇུས་ཀྱི་རོགས་སྐྱོར་དང་། ཚན་རྩལ་གྱི་རྒྱབ་སྐྱོར། ཐོན་ལས་འཁོར་འབྲེལ་སྣུར་སྲིང་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བརྒྱུད། ཞིང་དུད་ལ་ཤྭ་མོ་འདེབས་འཛུགས་དང་ཤྭ་མོའི་ཐོན་ལས་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གྲོང་མིའི་ཤ་ཚལ་སྒོང་གསུམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་དུས་མཚུངས་སུ་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་སྟེ། “ཤྭ་མོ་ཆུང་ཆུང”དེ་དམངས་ཕྱུག་འབབ་འཕར་གྱི“ཐོན་ལས་ཆེན་པོར”བསྒྱུར་ནས་ས་གནས་དེ་གའི་གྲོང་གསེབ་དར་རྒྱས་ཀྱི་སྒུལ་ཤུགས་གསར་པར་གྱུར་ཡོད། འདི་ནི་2024ལོའི་ཟླ་4ཚེས་9ཉིན་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་འབར་ཁམས་གྲོང་ཁྱེར་དབྱིང་པོ་ལུའོ་གྲོང་ཚོའི་ཤྭ་མོ་འདེབས་འཛུགས་རྟེན་གཞིར་ས་གནས་དེ་གའི་ཞིང་དུད་ཀྱིས་དུས་ཚོད་དམ་འཛིན་གྱིས་ཤྭ་མོ་སྔོག་འཐུ་དང་། དབྱེ་འབྱེད། ནང་འཇུག་བཅས་བྱེད་པའི་བྲེལ་བརྩོན་ཆེ་བའི་རྣམ་པ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།