དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས།

    ​ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཀྱི་མཐོ་རིམ་མི་སྣ་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཚ་རླབས་ལ་ལན་བརྒྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-11

    ཚེས་8ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། ཉེ་ཆར་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་དང་ཕྱི་འབྲེལ་པུའུ་ཀྲང་མང་པོ་ཞིག་བསྟུད་མར་ཀྲུང་གོར་འཚམས་འདྲིར་ཡོང་བ་དེ་ཐོག་ནས་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་མཚོན་གྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཐའ་འཁོར་རྒྱལ་ཁབ་དང་མཉམ་དུ་ལག་གདང་སྦྲེལ་ནས་ཞི་བདེ་ལྷིང་འཇགས་དང་། དར་རྒྱས་མཛེས་སྡུག མཛའ་མཐུན་མཉམ་གནས་བཅས་ཀྱི་ཨེ་ཤེ་ཡའི་ཁྱིམ་གཞིས་སྐྲུན་འདོད་ཡོད་ཅེས་བརྗོད་པ་རེད།

    ཉིན་དེར་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་ཟླ་བ་4པ་ནས་བཟུང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ཀྱི་མཐོ་རིམ་མི་སྣ་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཚ་རླབས་ཤིག་འཕྱུར་ཡོད་པ་ང་ཚོར་དོ་སྣང་བྱུང་། ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ལ་བདམས་ཐོན་བྱུང་བའི་ཕུའུ་ལ་པོ་ཝོ་འཚམས་འདྲི་བྱེད་ཐེངས་དང་པོའི་ས་ཚིགས་ཐོག་མ་ཀྲུང་གོ་བདམས་ཡོད། གཟའ་འཁོར་གོང་མར་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་ཀྱིས་ཀོང་ཤིས་སུ་ལོ་སིའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཧྲ་ལུན་སའེ་དང་། ཐི་མོར་ཤར་མའི་ཕྱི་འབྲེལ་པུའུ་ཀྲང་པེ་ཏི་ཐུའོ། ཝེ་ཐེ་ནམ་གྱི་ཕྱི་འབྲེལ་པུའུ་ཀྲང་ཕེ་ཆིང་ཧྲན་བཅས་དང་གྲོས་མོལ་བྱས་པ་དང་། གཟའ་འཁོར་འདིར་ཐེ་ལན་གྱི་ཀོང་ཇོ་ཧྲི་ལིན་ཐུང་དང་། ཝེ་ཐེ་ནམ་གྱི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིང་ཧུའེ། སིང་ཀ་ཕོར་གྱི་ཙུང་ལི་གཞོན་པ་ཝང་རུའེ་ཅེ་བཅས་ཀྲུང་གོར་འཚམས་འདྲིར་སླེབས་ཡོད་པས། མགྲིན་ཚབ་པས་གནས་ཚུལ་དེ་བས་མང་བ་ངོ་སྤྲོད་བྱེད་ཐུབ་བམ་ཞེས་དྲིས།

    མའོ་ཉིང་གིས་མཐའ་འཁོར་རྒྱལ་ཁབ་ནི་ཀྲུང་གོའི་ཕྱི་འབྲེལ་གྱི་སྔོན་ཚུད་ཁ་ཕྱོགས་ཡིན་པ་དང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་ནི་ལས་དབང་གཅིག་མཐུན་གྱི་ཁྱིམ་མཚེས་བཟང་པོ་དང་། གྲོགས་པོ་བཟང་པོ། རོགས་ཟླ་བཟང་པོ་བཅས་རེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མཛའ་མཐུན་དང་། ལྷག་བསམ། ཕན་སྦྱར། བསྟུན་མཁས་བཅས་ཀྱི་མཐའ་འཁོར་ཕྱི་འབྲེལ་འདུ་ཤེས་གཞིར་བཟུང་མཐའ་འཁོར་རྒྱལ་ཁབ་དང་མཛའ་མཐུན་མཉམ་ལས་བྱས་ཏེ་བསམ་ཤེས་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་བ་བྱ་རྒྱུ་ཡིན་ཞེས་བརྗོད།

    “འདི་ལོ་ནི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་ཁྱབ་བསྒྲགས་བྱས་ནས་ལོ་70འཁོར་བའི་ལོ་ཞིག་རེད། ང་ཚོས་མཐའ་འཁོར་རྒྱལ་ཁབ་དང་མཉམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། མཛའ་མཐུན་དང་། ལྷག་བསམ། ཕན་སྦྱར། བསྟུན་མཁས་བཅས་ཀྱི་འདུ་ཤེས་ལག་ལེན་བསྟར་བ། ཁེ་ཕན་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ལག་གདང་སྦྲེལ་ནས་ཞི་བདེ་བརྟན་ལྷིང་དང་། དར་རྒྱས་མཛེས་སྡུག མཛའ་མཐུན་མཉམ་གནས་བཅས་ཀྱི་ཨེ་ཤེ་ཡའི་ཁྱིམ་གཞིས་སྐྲུན་འདོད་ཡོད”ཅེས་མའོ་ཉིང་གིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།