དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་ལྷ་སར་ཡུལ་སྐོར་བ་མང་དུ་ཕྱིན་པ།

    མེ་འཁོར་བབས་ཚུགས་སུ་འགྲུལ་པ་ཁྲི་3.9འབྱོར་བ་དེ་དུས་མཚུངས་ལས་30%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-11

    ཟླ་4ཚེས་7ཉིན་གསར་འགོད་པར་ལྷ་སའི་མེ་འཁོར་བབས་ཚུགས་ནས་ཤེས་རྟོགས་བྱུང་བར། ཟླ་4ཚེས་3ནས་6ཉིན་བར་ལྷ་སའི་མེ་འཁོར་བབས་ཚུགས་ནས་འགྲུལ་པ་ཁྲི་3.6སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་མི་ཁྲི་1དང་38%འཕར་བ་དང་། འགྲུལ་པ་ཁྲི་3.9འབྱོར་བ་དེ་དུས་མཚུངས་ལས་མི་ཁྲི་0.9དང་30%འཕར་ཡོད།

    མིག་སྔར་ཉིང་ཁྲིར་ཁམ་བུའི་མེ་ཏོག་བཞད་སྒང་ཡིན་པས། ཉིང་ཁྲིའི་མེ་འཁོར་བབས་ཚུགས་སུ་འགྲུལ་པ་དེ་སྔ་ལས་ལྡབ་གཅིག་གིས་མང་བ་ཡོད་པ་དང་། ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་1000ལྷག་ཙམ་འབྱོར་གྱི་ཡོད་པ་རེད། ཉིང་ཁྲིའི་མེ་འཁོར་བབས་ཚུགས་ཀྱིས“མཁའ་ལམ་གྱི་སྐལ་བཟང་མེ་ཏོག”ཅེས་པའི་ཞབས་ཞུའི་སྤུས་རྟགས་ཀྱི་ནུས་པ་གང་ལེགས་བཏོན་ནས“ཞབས་ཞུའི་སྟེགས་བུ་དང་། སྐོར་སྐྱོད་ལས་གནས། དཔེ་སྟོན་སྒེའུ་ཁུང་། ཞབས་ཞུའི་རུ་ཁག”བཅས་གཙོ་བོར་བྱས་ཏེ་འགྲུལ་པ་རྣམས་ཀྱི་ཕྱིར་སྐྱོད་ཉམས་ལེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་གི་ཡོད་པ་རེད།

    གཞན་ཡང་། གསར་འགོད་པར་བོད་ལྗོངས་གནམ་ཐང་ཚོགས་པ་ནས་ཤེས་རྟོགས་བྱུང་བར། དྭངས་གསལ་དུས་ཚིགས་ཀྱི་གུང་གསེང་རིང་ལྷ་སའི་གོང་དཀར་གནམ་ཐང་ནས་དུས་གཏན་གནམ་གྲུ་ཐེངས་384འཕུར་བབས་བྱས་པ་དང་། ཉིན་རེར་གནམ་གྲུ་ཐེངས་128འཕུར་བབས་བྱས་པ་དེ་དུས་མཚུངས་ལས་དུས་གཏན་གནམ་གྲུ་ཐེངས་46འཕར་ནས་འཕར་ཚད་13.6%ཟིན་པ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཁྱོན་མི་ཐེངས་ཁྲི་4.08ཟིན་པ་དང་ཉིན་རེར་ཆ་སྙོམས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1.3ཟིན་པ་དེ་དུས་མཚུངས་ལས་མི་ཐེངས་ཁྲི་0.14འཕར་ནས་འཕར་ཚད་3.5%ཟིན་པ། བསྐུར་མ་སྐྱེལ་འདྲེན་བྱེད་ཚད་ཁྱོན་ཏུན་325.6ཟིན་པ་དང་ཉིན་རེར་ཆ་སྙོམས་བསྐུར་མ་སྐྱེལ་འདྲེན་བྱེད་ཚད་ཏུན་108.5ཟིན་པ་དེ་དུས་མཚུངས་ལས་ཏུན་4.5འཕར་ནས་འཕར་ཚད་1.4%ཟིན་པ་བཅས་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།