དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལང་ཚོའི་སྟོབས་ཤུགས་ལྷག་པར་མངོན།

    2023ལོའི་ལོ་མཇུག་བར། བོད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚོགས་པའི(རུ་ཁག)རྩ་འཛུགས་ཁྱོན་5000ཙམ་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-11

    ཚེས་9ཉིན་གྱི་སྔ་དྲོར། གསར་འགོད་པས་བོད་དུ་དམངས་གཙོའི་སྒྱུར་བཅོས་བྱས་ནས་ལོ་65འཁོར་བའི་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད། ལོ་མང་རིང་། སྡེ་ཚོགས་ལྗོངས་ཨུ་ལྷན་གྱིས་གཙོ་འགན་གཙོ་ལས་ལ་དམིགས་པ་དང་། བོད་ལྗོངས་གུང་གཞོན་སྡེ་ཚོགས་ཀྱི“བྱ་སྤྱོད་ཁག་བཞི”ལག་བསྟར་བྱེད་པ། མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུ་ཏང་གི་མཐའ་འཁོར་དུ་གཅིག་སྡུད་བཅས་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཁྲོད་ཀྱི་ལང་ཚོའི་སྟོབས་ཤུགས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། 2023ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་སྡེ་ཚོགས་རྩ་འཛུགས་ཁག་2522དང་ལོ་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་ཁག་2813ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཚོགས་པའི(རུ་ཁག)རྩ་འཛུགས་ཞེས་པའི་མིང་བཏགས་པ་རེད།

    བོད་ཀྱི་གཞོན་ནུ་ལོ་ཆུང་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱ་སྤྱོད་ལག་བསྟར་བྱས་ཤིང་། ཉེ་བའི་ལོ་གསུམ་རིང་། གུང་གཞོན་སྡེ་ཚོགས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཐོན་ཁུངས་གང་ལེགས་སྤྱད་དེ། ལྗོངས་ནང་ཁུལ་གྱི་ནོར་སྲིད་མ་དངུལ་དང་སྤྱི་ཚོགས་མ་དངུལ་སྒོར་ཁྲི་2000ལྷག་ཙམ་བརྩོན་ལེན་བྱས་ནས། མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་དབར་སྤེལ་རེས་བྱེད་སྒོ་སྤེལ་ཡོད། གཞོན་ནུ་ལོ་ཆུང་15345ཡིས་དགུན(དབྱར)ཁའི་གུང་གསེང་གི“སེམས་མཐུན་སྒར་ས”དང་། “མི་རིགས་མཐུན་སྒྲིལ་ངས་ལག་བསྟར་བྱེད” “སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ”སོགས་ཀྱི་བྱེད་སྒོར་ཞུགས་ཡོད། ལོ་ཆུང་བྱིས་པ་72054ཡིས་ལྗོངས་ཕྱིའི་ལོ་ཆུང་བྱིས་པ་དང་ལག་གདང་སྦྲེལ་ནས་ཡི་གེ་བསྐུར་རེས་སོགས་ཀྱི་བྱེད་སྒོ་སྤེལ་ཡོད། ལོ་ཆུང་གདོང་ལེན་རུ་མི་1000ལྷག་ཙམ“སྐེ་དར་དམར་པོ་འཚོལ་བའི”ཞིབ་སློབ་བྱེད་སྒོར་ཞུགས་ནས་གསར་བརྗེའི་ས་བོན་རྒྱུན་འཛིན་དང་། གྲུབ་འབྲས་རླབས་པོ་ཆེ་ཚོར་བ། ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་ཟབ་གཏོང་བཅས་བྱས་ཏེ་རང་རེའི་ཀྲུང་ཧྭ་ལ་གཅེས་པའི་བརྩེ་བ་གཞོན་ནུ་ལོ་ཆུང་གི་སེམས་སུ་འཇགས་པར་བྱས་ཡོད།

    བོད་ཀྱི་གཞོན་ནུ་ཚོས་བྱས་རྗེས་འཇོག་པར་འབད་འཐབ་བྱེད་པའི་བྱ་སྤྱོད་ལག་བསྟར་བྱས་ཤིང་། “སྣེ་ཁྲིད་འཆར་གཞི”དང“ཕྱོགས་སྟོན་འཆར་གཞི”ལག་བསྟར་བྱས་ནས་ལོ་གསུམ་རིང་གཞོན་ནུ་སློབ་ཆེན་སློབ་མ་8000ལྷག་ཙམ་ལྗོངས་ཕྱིར་ལས་ཞུགས་དངོས་སྦྱོང་དང་། ལྟ་སྦྱོང་བྱ་རྒྱུར་རོགས་རམ་བྱས་ཡོད། གསོ་སྦྱོང་མ་དངུལ་སྒོར་ཁྲི་1000ལྷག་ཙམ་བཏང་ནས་གྲོང་གསེབ་ཀྱི་གཞོན་ནུ་ཤེས་ལྡན་པ་འཚར་ལོངས་དང་གྲོང་གསེབ་དང་སྤྱི་ཚོགས་འཛུགས་སྐྲུན་ལ་རོགས་རམ་བྱེད་པ་དང་། ཞིང་འབྲོག་པའི་གཞོན་ནུ་མི་ཐེངས་3000ལྷག་ཙམ་གསོ་སྦྱོང་བྱེད་པ་བཅས་རིམ་རྩིས་བྱས་ན། དཀའ་ངལ་ཡོད་པའི་མི་ཚོགས་དང་གཞོན་ནུ་3200ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་མགྱོགས་མྱུར་མངོན་འགྱུར་ཡོང་བར་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་བོད་ལྗོངས་གུང་གཞོན་སྡེ་ཚོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱེད་པ་དང་། རང་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལག་ལེན་གྱི་གཞི་རྟེན་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ། རང་ལྗོངས་ཀྱིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་གཞོགས་འདེགས་བཅས་བྱས་ཏེ། སྡེ་ཚོགས་རྩ་འཛུགས་ཀྱི་སྣེ་ཁྲིད་ཀྱི་ནུས་པ་དང་། རྩ་འཛུགས་ཀྱི་ནུས་པ། ཞབས་འདེགས་ཞུ་ནུས། སྤྱི་ཡོངས་ལ་ལེགས་སྐྱེས་འབུལ་ཚད་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།