དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • ལྷོ་བྲག་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གྱི་ཉམས་མྱོང་སྤེལ་རེས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-10

    མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། ཉམས་མྱོང་དང་ཐབས་ཤེས་ཕན་ཚུན་སློབ་སྦྱོང་བྱེད་པ། ལས་དོན་སྒྲུབ་པའི་བསམ་ཕྱོགས་རྒྱ་ཆེར་གཏོང་བ་བཅས་ཀྱི་ཆེད་དུ། ཉེ་ཆར། ལྷོ་བྲག་རྫོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་སྒྲུབ་ཡུལ་དངོས་སུ་ལྟ་སྦྱོང་འདུ་ཚོགས་འཚོགས་པར་འབྲེལ་ཡོད་ཚན་པའི་འཐུས་མི་དང་། ཤང(གྲོང་རྡལ)ཁག་གི་ཏང་སྲིད་འགན་ཁུར་བ། འཐབ་ཕྱོགས་གཅིག་གྱུར་གྱི་ཨུ་ཡོན་སོགས་ཁྱོན་མི་30ལྷག་ཙམ་ཞུགས་པ་རེད།

    འགྲེལ་བཤད་པའི་སྣེ་ཁྲིད་འོག ལྟ་སྦྱོང་ཚོགས་པ་དང་བཅས་པ་ཆོས་གཞིས་གྲོང་ཚོ་དང་། སྲས་ཤང་། སྲས་མཁར་དགུ་ཐོག་དགོན། ཆུ་འཁྱིལ་སྨད་གྲོང་ཚོ། སྐྱིད་སྟོད་སྡེ་ཁུལ་བཅས་དཔེ་སྟོན་ཚན་པ་ལྔ་ལ་སྔ་རྗེས་སུ་བསྐྱོད་ཅིང་། འགྲེམས་པང་ལྟ་བ་དང་། དྲིལ་བསྒྲགས་པར་གཞིར་ལྟ་བ། དཔྱད་གཞིའི་ཡིག་ཆ་ལྟ་བ། སྤེལ་རེས་ཞུགས་མོལ་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ས་གནས་དེ་གའི་མི་རིགས་མཐུན་སྒྲིལ་འཛུགས་གཏོད་ལས་དོན་ལ་ལྟ་སྦྱོང་བྱས་པ་རེད། ལྟ་སྦྱོང་བྱེད་རིང་ཚང་མས་ནན་ཏན་ངང་ཉན་པ་དང་། གཟབ་ནན་ངང་ལྟ་བ། ཁེངས་སྐྱུང་ངང་སྦྱོང་བ། བགྲོ་གླེང་གཏིང་ཟབ་བཅས་བྱས་ནས། ཁྱད་ལྡན་ལེགས་ཆ་དང་ཉམས་མྱོང་ཐབས་ཤེས་ཧུར་ཐག་སྦྱངས་པ་དང་། ཧེ་བག་དང་མི་འདང་བའི་ཆ་བཙལ་བ་མ་ཟད། ད་དུང་འཛུགས་གཏོད་ལས་དོན་གྱི་འགོ་འཛུགས་ས་དང་ཚད་བརྒལ་ས་ཡང་འཚོལ་ཞིབ་ཧུར་ཐག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།