དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྟ་བས་མི་ངོམ་པའི་ཡུལ་གྲུ སྡོད་མལ་ལ་འཚམ་པའི་ཁྱིམ་གཞིས།

    —— ལྷོ་ཁ་གྲོང་ཁྱེར་གྱིས་རྨང་གཞི་བརྟན་གཏོང་དང་ཞན་ཆ་བསལ་ནས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-10

    འདི་ནི་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་ཁུལ་གྱི་ཟུར་ཞིག་ཡིན་པ།

    2023ལོར་ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་ལ་སྤྱི་འདོམས་དང་། ཚན་རིག་དང་མཐུན་པའི་ཇུས་འགོད། རྨང་གཞི་བརྟན་གཏོང་བཅས་མཐའ་འཁྱོངས་ཀྱིས་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་རྒྱུ་དམིགས་ཚད་དུ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། མི་ལྟེ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་གསེབ་ཅན་གསར་པར་སྐུལ་འདེད་གཏོང་བ། རྫོང་གྲོང་གི་བྱེད་ནུས་བཀོད་པ་མུ་མཐུད་ལེགས་སུ་གཏོང་བ། ཞིང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

    གྲོང་ཁྱེར་སྡོད་མལ་ལ་འཚམ་པ།

    ལོ་གཅིག་གི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་བསྐྲུན་རྒྱུ་མཐའ་འཁྱོངས་ཀྱིས་གཙོ་གནད་རྣམ་གྲངས་མགྱོགས་མྱུར་འཛུགས་སྐྲུན་བྱེད་པར་དམ་པོར་དམིགས་ཏེ། གྲོང་ཁྱེར་གྱི་དྲོད་རླངས་དང་གསོ་རླུང་མཁོ་འདོན་དང་། ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་བཤང་འབུད། ཆར་ཆུ་དང་བཙོག་ཆུ་བཤང་འབུད་སོགས་རྣམ་གྲངས་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས་གྲོང་ཁྱེར་མགྱོགས་མྱུར་གསར་སྒྱུར་དང་། གྲོང་ཁྱེར་འཛུགས་སྐྲུན་གྱི་རྣམ་པ་ལེགས་སུ་བཏང་ནས་རྩེད་ཐང་གྲོང་ཁུལ་ལྟེ་བར་བྱེད་པ་དང་གོང་དཀར་དང་། རྒྱ་ཚ། ལྷུན་རྩེ་བཅས་རྫོང་གྲོང་ལྟེ་བ་ཕལ་པར་བྱས་པའི“ལྟེ་བ་གཅིག་དང་ཕལ་པ་གསུམ”གྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་བཀོད་པ་མགྱོགས་པོ་སྐྲུན་པ་དང་། གནས་འཕྲོད་དང་། སྡོད་མལ་ལ་འཚམ་པ། རིག་ལྡན་བཅས་ཀྱི་གྲོང་ཁྱེར་ཧུར་ཐག་གཏོད་པ། གྲོང་ཁྱེར་གྱི་བྱེད་ནུས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་ཡོད།

    —— གྲོང་ཁྱེར་གསར་སྒྱུར་གྱི་འཆར་འགོད་བཟོས་ནས་རྩེད་ཐང་ལྟེ་བར་བྱས་པའི་གྲོང་ཁུལ་རྒྱ་སྐྱེད་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བ་དང་། ལྗོངས་ཡོངས་ཀྱི་སྔོན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་གྲོང་ཁྱེར་ལ་བརྟག་དཔྱད་བྱེད་པ། གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། བོད་མིའི་འབྱུང་ཁུངས་ཀྱི་གྲོང་ཁྱེར་གྱི་ཉམས་འགྱུར་གཏོད་པ། གྲོང་ཁྱེར་གྱི་བྱེད་ནུས་འཐུས་སྒོ་ཚང་དུ་གཏོང་བ། སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་བ་བཅས་ལ་གཞི་ཚུགས་ནས། གྲོང་ཁྱེར་འཆར་འགོད་དང་སྡེ་ཁུལ་རྙིང་པ་སྒྱུར་བཀོད་བྱེད་འགོ་བཙུགས་ནས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་ཟམ་མི་ཆད་པར་བསལ་ཡོད།

    —— གཙང་འགྲམ་ལམ་བསྐྲུན་པ་དང་། རྩེད་ཐང་ལམ་ཆེན་རྒྱ་ཆེར་བཏང་བ། མེ་འཁོར་བབས་ཚུགས་ཀྱི་ཟོག་འདྲེན་འགྲོ་ལམ་སྐྲུན་འགོ་ཚུགས་པ། གྲོང་ཁུལ་གྱི་ཤར་ནུབ་མྱུར་བགྲོད་ལམ་གྱི་མ་ལག་བསྐྲུན་པ། ཧུའུ་པེ་ལམ་ཆེན་གྱི་ཕྱོགས་བསྡུས་མདོང་ལམ་སོགས་རྣམ་གྲངས་བསྐྲུན་ནས་གྲོང་ཁུལ་གྱི་ས་འོག་ཕྱོགས་བསྡུས་མདོང་ལམ་འཛུགས་སྐྲུན་དང་། ཆར་ཆུ་དང་བཙོག་ཆུ་ཁ་འགྲེམས་ཀྱི་དུས་ཐེངས་དང་པོ། ཆུ་མཁོ་འདོན་མདོང་ལམ་སྒྱུར་བཀོད་སོགས་ཀྱི་རྣམ་གྲངས་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། གྲོང་ཁུལ་དུ་མདོང་ལམ་རྦད་དེ་ཁྱབ་པར་བྱས་ནས། གྲོང་ཁྱེར་གྱི་རྨང་གཞི་དེ་བས་བརྟན་དུ་དང་འཕེལ་རྒྱས་དེ་བས་བདེ་འཇགས་ཡོང་བར་བྱས་ཡོད།

    གྲོང་གསེབ་མཛེས་སྡུག་ལྡན།

    ལོ་གཅིག་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས། ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་བཏང་བས། ཁག་ལྔ་པ་དང་དྲུག་པ་སོགས་ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོ་31ལ་སྲུང་སྐྱོབ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བ་དང་། ཨར་འདམ་ལམ་ཤར་གཏོང་ཐུབ་པའི་སྲིད་འཛིན་གྲོང་ཚོ་30གསར་དུ་འཕར་བ། འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པའི་ཤང་དང་གྲོང་རྡལ་2གསར་དུ་འཕར་བ། ཁྲ་འབྲུག་གྲོང་རྡལ་དང་རྒྱ་ཚ་གྲོང་རྡལ་རྒྱལ་ཁབ་ཀྱི་ཞིང་ལས་དང་ཐོན་ལས་སྟོབས་ཆེའི་གྲོང་རྡལ་ལ་བདམས་པ། ཞིང་འབྲོག་ཁུལ་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་མཐུད་བརྟན་དུ་བཏང་ཡོད་པ་རེད།

    གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྐྱོང་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་ཀྱི་དམག་འཐབ་དྲག་པོ་ཞིག་ཡིན་པའི་ངོས་ནས་དམངས་འཚོའི་བདེ་རྩ་དང་འབྲེལ་བ་ཡོད། ལོ་གཅིག་རིང་ལྷོ་ཁ་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་བས་སྲིད་འཛིན་གྲོང་ཚོའི་འཚོ་བའི་གད་སྙིགས་བསྡུ་འདྲེན་དང་གཙང་སེལ་མ་ལག་ཁྱབ་ཚད་96.6%ཟིན་པ་དང་། ཞིང་འབྲོག་ཁུལ་དུ་གཙང་སྦྲ་ལྡན་པའི་གསང་སྤྱོད་ཁྱབ་ཚད་88.9%ཟིན་ནས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་དེ་བས་སྟབས་བདེ་རུ་ཕྱིན་པ་མ་ཟད། གྲོང་གསེབ་ཁུལ་གྱི་ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པར་གྱུར་ཡོད་པ་རེད།

    ཁོར་ཡུག་ལྟ་ན་སྡུག་པ།

    2023ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་དང་བཙོག་ཆུ་གཙང་གསིང་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་བ། གྲོང་ཁྱེར་དང་གྲོང་གསེབ་ཏུ་བཙོག་ཆུ་དང་གད་སྙིགས་གཙང་སེལ་མ་ལག་གང་མགྱོགས་བསྐྲུན་པ། “སྙིགས་རོ་མེད་པའི་གྲོང་ཁྱེར”ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། “ཐཱན་གཉིས”ཀྱི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱས་པ། ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་གྲོང་ཁྱེར་བསྐྲུན་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས། ལྗང་མདོག་ཐཱན་ཉུང་གི་འདུ་ཤེས་དེ་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཡོད་པ་རེད།

    ལོ་གཅིག་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་རྫོང་གྲོང་ཡན་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་ཁྱོན་ཡོངས་ལ་ཁྱབ་པར་བྱས་ནས་མཁའ་འགྲུལ་ཁུལ་གསར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་། མཚོ་སྨད་རྫོང་དང་། ལྷོ་བྲག་རྫོང་། མཚོ་སྣ་གྲོང་ཁྱེར་བཅས་ཀྱི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་རྣམ་གྲངས་མགྱོགས་མྱུར་བསྐྲུན་ཏེ་སྣ་དཀར་རྩེ་རྫོང་གི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་རྒྱ་སྐྱེད་ཚད་གཞི་དང་དེ་བཞིན་ཆར་ཆུ་དང་བཙོག་ཆུ་ཁ་འགྲེམས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལེགས་སྒྲུབ་བྱས་ཤིང་། རྩེད་ཐང་གྲོང་ཁུལ་གྱི་བཙོག་ཆུ་གཙང་གསིང་དང་རྩེད་ཐང་གྲོང་ཁུལ་གྱི་ཆར་ཆུ་དང་བཙོག་ཆུ་ཁ་འགྲེམས་ཀྱི་དུས་ཐེངས་དང་པོའི་རྣམ་གྲངས་ལག་ལེན་བསྟར་བས་གྲོང་ཁུལ་གྱི་བཙོག་ཆུ་གཙང་གསིང་བྱེད་ཚད་མཐོ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།

    2023ལོར་ལྷོ་ཁ་གྲོང་ཁྱེར་ཡོངས་ཀྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས་99.5%ཡན་ཟིན་པ་དང་། གཙང་པོ་དང་མཚོ་ཡི་ཆུ་སྤུས་IIIརིགས་ཀྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོད་པ། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་100%ཡན་རྒྱུན་འཁྱོངས་ཐུབ་ནས་ས་རྒྱུའི་ཁོར་ཡུག་བདེ་འཇགས་དང་བརྟན་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།