ཧུའུ་པེའི“བོད་ཀྱི་ཤེས་ལྡན་པ་གསོ་སྦྱོང་གསོ་སྐྱོང་དང་ལས་ཞུགས་དངོས་སྦྱོང་ལག་ལེན་རྟེན་གཞི”ཐོག་མ་དབྱི་ཁྲང་དུ་བཙུགས་པ།
དབྱི་ཁྲང་གྲོང་ཁྱེར་གྱིས་2007ལོ་ནས་བཟུང་རྒྱ་ཚ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་འགོ་ཚུགས་ཤིང་། ལོ་16རིང་། རྒྱ་ཚ་རྫོང་གི་སློབ་གསོ་དང་། སྨན་བཅོས། ལས་ཞུགས་བཅས་ཀྱི་དམངས་འཚོའི་ཁྱབ་ཁོངས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད།
“བོད་ཀྱི་ཤེས་ལྡན་པ་གསོ་སྦྱོང་གསོ་སྐྱོང་དང་ལས་ཞུགས་དངོས་སྦྱོང་ལག་ལེན་རྟེན་གཞིའི”སྒོ་བྱང་བཀལ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་ལས་བོད་ལྗོངས་དང་དབྱི་ཁྲང་གི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་ཕྱིན་ཏེ་ས་གནས་གཉིས་པོའི་མི་རིགས་དབར་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། “བོད་ཀྱི་ཤེས་ལྡན་པ་གསོ་སྦྱོང་གསོ་སྐྱོང་དང་ལས་ཞུགས་དངོས་སྦྱོང་ལག་ལེན་རྟེན་གཞི”དབྱི་ཁྲང་གྲོང་ཁྱེར་ཏེན་ཅུན་ཆུས་སུ་སྒོ་བྱང་བཀལ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། ཏེན་ཅུན་ཆུས་སྲིད་གཞུང་དང་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་སྲིད་གཞུང་དབར་དང་། བོད་ལྗོངས་ཆིང་ནུའོ་ཚོང་འགུགས་གསོ་སྦྱོང་གཉེར་སྐྱོང་ཚད་ཡོད་ཀུང་སི་དང་། དབྱི་ཁྲང་ཁོའོ་ཀུའོ་ལག་རྩལ་བཟོ་པའི་སློབ་གྲྭ་ཚད་ཡོད་ཀུང་སི། ཧུའུ་པེ་དབན་ཧྥང་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཚད་ཡོད་ཀུང་སི་བཅས་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད།
གྲོས་མཐུན་གྱི་ནང་དོན་གཞིར་བཟུང་། ཏེན་ཅུན་ཆུས་དང་རྒྱ་ཚ་རྫོང་གཉིས་ཀྱིས་ཤེས་ལྡན་པ་སྤེལ་རེས་དང་། རིག་གནས་དང་ཡུལ་སྐོར་དྲིལ་བསྒྲགས། གྲོང་གསེབ་དར་རྒྱས། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་མང་དག་ཅིག་མཉམ་ལས་གཏིང་ཟབ་བྱ་རྒྱུ་རེད། ཞིབ་ཕྲའི་ནང་དོན་གྲས་སུ། ངལ་ནུས་མཉམ་ལས་དང་ཤེས་ལྡན་པའི་སྤེལ་རེས་སྦྲེལ་མཐུད་ལམ་སྲོལ་འཛུགས་པ་དང་། ཚན་རྩལ་མཉམ་ལས་ཀྱི་སྟེགས་བུ་གཏོད་པ། སློབ་གྲྭ་དང་ས་གནས་མཉམ་ལས་ཀྱི་ལམ་སྲོལ་འཛུགས་པ། རིག་གནས་དང་ཡུལ་སྐོར་དྲིལ་བསྒྲགས་འོས་སྦྱོར་ལམ་སྲོལ་འཛུགས་པ་སོགས་ཚུད་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། དབྱི་ཁྲང་གྲོང་ཁྱེར་གྱིས་2007ལོ་ནས་བཟུང་རྒྱ་ཚ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་། ལོ་16རིང་། རྒྱ་ཚ་རྫོང་གི་སློབ་གསོ་དང་། སྨན་བཅོས། ལས་ཞུགས་བཅས་ཀྱི་དམངས་འཚོའི་ཁྱབ་ཁོངས་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད། 2023ལོར་ཁག་དང་པོའི་བོད་རིགས་སློབ་གྲྭ་ཆེ་མོ་བ་40ཡིས་ཏེན་ཅུན་ཆུས་ཅང་ནན་ཚན་རྩལ་གསར་གཏོད་གླིང་དུ“བོད་དབྱི་བློ་སེམས་གཅིག་མཐུན་དང་ལས་ཞུགས་མཉམ་གཏོད”ཀྱི་ལྗོངས་ཕྱིའི“ཚོགས་སྒྲིག་རྣམ་པའི”ལས་ཞུགས་ལྟ་སྦྱོང་བྱེད་སྒོ་སྤེལ་བ་དང་། བོད་རིགས་སློབ་མ་38ལ་དབྱི་ཁྲང་དུ་ལས་ཀ་བརྟན་པོ་རག་སྟེ་ཐེམ་ཁུངས་བོད་ལྗོངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མའི“ཚོགས་སྒྲིག་རྣམ་པའི”དབྱི་ཁྲང་དུ་ལས་ཀ་རག་པའི་དཔེ་མཚོན་ཐོག་མར་བཏོད་ཡོད། “བོད་ཀྱི་ཤེས་ལྡན་པ་གསོ་སྦྱོང་གསོ་སྐྱོང་དང་ལས་ཞུགས་དངོས་སྦྱོང་ལག་ལེན་རྟེན་གཞི”སྒོ་བྱང་བཀལ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དེས་བོད་དབྱིའི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ས་གནས་གཉིས་པོའི་མི་རིགས་དབར་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་ཐེབས་རྒྱུ་རེད།