དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • པར་རྒྱག་མཁས་ཅན་བོད་རིགས་འབྲོག་པ་ཞིག་གིས་མཚོ་སྔོན་མོའི་མཛེས་ལྗོངས་པར་དུ་བླངས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-10

    མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་གི་འབྲོག་པ་རྡོ་རྗེས་པར་འདེམས་བཞིན་པ།

    མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་གི་འབྲོག་པ་རྡོ་རྗེས་རྐང་ཚ་རྫོང་གི་ཙོང་ཉའི་ཁྱིམ་གཞིས་ཀྱི་མཛེས་ལྗོངས་ཁུལ་དུ་པར་རྒྱག་བཞིན་པ།

    ཕ་ཡུལ་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་རྐང་ཚ་རྫོང་ནས་ཡིན་པའི་རྡོ་རྗེ་ད་ལོ་ལོ་30ཡིན་ཞིང་། ཆུང་དུས་ནས་མཚོ་སྔོན་པོའི་འགྲམ་ངོགས་ཀྱི་རྩྭ་ཐང་དུ་ཕྱུགས་རིགས་འཚོས་ནས་སྡོད་ཀྱི་ཡོད། ཕ་ཡུལ་གྱི་འབྲོག་ལས་ཐོན་རྫས་དྲིལ་བསྒྲགས་དེ་བས་ལེགས་པར་བྱ་ཆེད། རྡོ་རྗེས་ཕྱུགས་རིགས་དཀར་ནག་སྐྱས་སྤོ་བའི་བརྒྱུད་རིམ་པར་དུ་བླངས་ཏེ་བརྙན་ཐུང་དང་འདྲ་པར་ལ་བརྟེན་ནས་སྐྱེ་ཁམས་འབྲོག་ལས་ཀྱི་འཕེལ་རྒྱས་དང་རྐང་ཚའི་ཡུལ་ལྗོངས་མཚོན་པར་བྱེད་དགོས་སྙམ། ཕྱུགས་རིགས་དཀར་ནག་སྐྱས་སྤོ་སྐབས་ཀྱི་པར་རྒྱག་གི་བརྒྱུད་རིམ་ལས་རྡོ་རྗེ་པར་རྒྱག་པར་སྤྲོ་སྣང་ཆེས་ཆེར་འཕེལ་བས། ཁོང་གིས་ཆེད་ལས་ཀྱི་པར་ཆས་ཉོས་ཏེ་ཁོམ་པ་ཡོད་རིམ་བཞིན་པར་རྒྱག་པར་འགྲོ་ཡི་ཡོད། ཁོང་གིས་པར་ཆས་ལ་བརྟེན་ནས་མཚོ་སྔོན་མོའི་ཉེ་འཁོར་གྱི་ལྟ་ན་སྡུག་པའི་ཡུལ་ལྗོངས་རེ་རེ་པར་དུ་བླངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།