དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧུའུ་ནན་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་གིས།

    ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-10

    2023ལོ་ནས་བཟུང་། ཧུའུ་ནན་ཞིང་ཆེན་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་ཁག་བཅུ་པས་ལྷོ་ཁའི་མི་དམངས་ཀྱི་བདེ་ཐང་ལ་སེམས་ཁུར་དང་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་འཕེལ་རྒྱས་གཏོང་རིང་གི་མི་འདང་སར་དམིགས་ཏེ། ཁ་གཏད་རོགས་སྐྱོར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་བོད་སྐྱོར་གྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་སྨན་པའི་འགན་འཁྲི་ཧུར་ཐག་བསྒྲུབས་ཏེ། ལྷོ་ཁ་གྲོང་ཁྱེར་གྱི་སྨན་བཅོས་བྱ་གཞག་འཕེལ་རྒྱས་ཆེད་ཧུའུ་ནན་གྱི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།

    འདི་ནི་ཧུའུ་ནན་གྱི་བོད་སྐྱོར་སྨན་པ་དང་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་སྨན་པས་ནད་པར་བརྟག་དཔྱད་བྱེད་བཞིན་པ།

    A གཙོ་གནད་འབུར་དུ་ཐོན་པར་བྱས་ཏེ། སྨན་བཅོས་ལག་རྩལ་དང་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་བ།

    “བོད་སྐྱོར་སྨན་པས་ངའི་ནད་གཞི་ཡག་པོ་བཅོས་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངའི་རུས་ཚིགས་ན་ནས་ཟླ་བ་ལྔ་ལྷག་ཙམ་ཕྱིན་སོང་། ད་ཆ་སྨན་བཅོས་བྱས་རྗེས་དྲག་སྐྱེད་ཡག་པོ་བྱུང་སོང”2023ལོའི་ཟླ་4པར། ཧུའུ་ནན་གྱི་བོད་སྐྱོར་སྨན་པ་ཀྲོའུ་དབྱི་ཀྲའོ་དང་ལི་སུའོ་པེ་སོགས་ཀྱིས་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་རུས་ནད་གཤགས་བཅོས་ཚོགས་པར་རམ་འདེགས་ཧུར་ཐག་བྱས་ནས་ནད་པ་ཁོང་ལ་གཤགས་བཅོས་བྱས་པས་ནད་གཞི་དྲག་སྐྱེད་ཡག་པོ་བྱུང་བས་ནད་པ་དང་ནད་པའི་ནང་མིས་སྨན་པར་ཐུགས་རྗེ་ཆེ་ཞུས།

    ད་ཐེངས་ནི་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་དུ་དཔྱི་འགོའི་ཚིགས་གཤཊ་བཅོས་བྱེད་ཐེངས་དང་པོ་ཡིན་པ་རེད།

    སྨན་བཅོས་བོད་སྐྱོར་གྱི་འགག་རྩ་ནི་སྨན་བཅོས་ལག་རྩལ་གྱི་ཆུ་ཚད་དང་སྨན་བཅོས་ཀྱི་ནུས་པ་ཆེ་རུ་བཏང་ནས་སྨན་པའི་ལག་རྩལ་ལ་བརྟེན་ནས་དམངས་ཀྱི་བདེ་ཐང་སྲུང་རྒྱུ་དེ་རེད།

    ཧུའུ་ནན་བོད་སྐྱོར་སྨན་བཅོས་རུ་ཁག་གི་རྒྱབ་སྐྱོར་འོག 2023ལོར་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གིས་མོ་ནད་ཚན་ཁག་དང་གློ་ནད་ཚན་ཁག་སོགས་གསར་དུ་བཙུགས་པ་དང་། བྱིས་པའི་ཁ་སྦུག་ཆེད་ལས་ཚན་ཁག་རྒྱ་བསྐྱེད་བཏང་བ། དོས་དྲག་ཚན་ཁག་ལོགས་སུ་བཙུགས་པ་བཅས་བྱས་པས། སྐྱོབ་བཅོས་ཀྱི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་ཡོད།

    དཀའ་གནད་ཆེ་བའི་གཤགས་བཅོས་ཐད། 2023ལོའི་ཟླ་3པ་ནས་ཟླ་12པའི་བར། ཧུའུ་ནན་བོད་སྐྱོར་སྨན་པས་སྨན་རྩིས་ཁང་ལ་མཛུབ་ཁྲིད་བྱས་ཏེ་དཀའ་ཚད་Ⅳཡི་ཚིགས་བརྗེ་བའི་གཤཊ་བཅོས་60ལྷག་ཙམ་བྱས་པ་དེ་ན་ནིང་གི་དུས་མཚུངས་ལས་40%འཕར་བ་དང་ཆབས་ཅིག ནད་པ་སྨན་ཁང་དུ་སྡོད་པའི་མི་ཐེངས་དང་། གཤཊ་བཅོས་མི་ཐེངས། ནད་པ་བློ་ཡིད་ཚིམ་ཚད་མཐོ་རུ་ཕྱིན་ཡོད།

    དེ་དང་ཆབས་ཅིག ཧུའུ་ནན་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་མ་དངུལ་དང་། ལག་རྩལ། ཤེས་ལྡན་པ་བཅས་ཀྱི་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་བྱས་ཏེ། ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་སྨན་བཅོས་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་ཆེད་མཉེན་ཆས་དང་མཁྲེགས་ཆས་ཀྱི་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    འདི་ནི་ཧུའུ་ནན་གྱི་བོད་སྐྱོར་སྨན་པ་དང་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་ཁ་སྦུག་ཚན་ཁག་གི་སྨན་རམས་པ་གཞོན་པ་ཞུས་ལིས(དཀྱིལ)གཤགས་བཅོས་བྱེད་སྟངས་སྐོར་སློབ་ཁྲིད་བྱེད་བཞིན་པ།

    B ལྟེ་བར་དམ་འཛིན་བྱས་ཏེ། ནམ་ཡང་གནས་པའི་རུ་ཁག་གཅིག་བཏོད་པ།

    བོད་སྐྱོར་ནི་གནས་སྐབས་རོགས་སྐྱོར་ཙམ་མིན་པར་ཡུན་རིང་རོགས་སྐྱོར་གྱི་ལས་དོན་ཞིག་རེད། ཧུའུ་ནན་བོད་སྐྱོར་སྨན་བཅོས་ཚོགས་པས“ཤེས་ལྡན་པ་ཁག་གཅིག་ལ་རོགས་སྐྱོར་བྱས་ནས་ཤེས་ལྡན་པ་ཁག་གཅིག་གསོ་སྐྱོང་བྱེད་པའི”འདུ་ཤེས་གཞིར་བཟུང་། ས་གནས་དེ་གའི་སྨན་བཅོས་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཚད་ལྡན་ཅན་དང་། ལམ་ལུགས་ཅན། བཀོལ་སྤྱོད་ཆོག་པ་བཅས་ཀྱི་དོ་དམ་ལམ་ལུགས་དང་སྨན་བཅོས་ལམ་ལུགས་བཟོ་རོགས་བྱས་ཏེ། སྨན་ཁང་གི་ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་མཐོ་རུ་བཏང་ནས་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ལ་ནམ་ཡང་གནས་པའི་ཆེད་ལས་དཔུང་ཁག་གཅིག་བཙུགས་ཡོད།

    ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་དེ་སྔའི་ཏང་ཨུད་ཨུ་ཡོན་སྨན་དོན་ཁོའོ་ཡི་ཁོའོ་ཀྲང་དང་ཧུའུ་ནན་བོད་སྐྱོར་སྨན་བཅོས་རིགས་གཅིག་མཁས་ཅན་ཚའོ་ཝེ་ཡུན་གྱིས་ངོ་སྤྲོད་བྱས་དོན། རིམ་གསུམ་ནད་ཁང་ལ་ཞིབ་བཤེར་དང་བཅོས་དཀའ་བའི་ནད་གཞི་མཉམ་དཔྱད་ཞིབ་བསྡུར་སོགས་ལྟེ་བའི་ལམ་ལུགས་18བཟོས་ཏེ་དོན་འཁྱོལ་བྱས་པ་དང་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གི་བོད་ལུགས་གསོ་རིག་སྨན་བཅོས་སྒྲིག་གཞིའི་ཆ་འཕྲིན་གཞི་གཅིག་ཅན་གྱི་མ་ལག་ཐོག་མ་འཛུགས་པ་དང་བོད་ཀྱི་གསོ་བ་རིག་པའི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་རྒྱ་བསྐྱེད་སོགས་ཀྱི་བྱ་ཐབས་རབ་དང་རིམ་པར་སྐུལ་འདེད་གཏོང་བ་དང་ཧུའུ་ནན་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་ལྗོངས་ཕྱིའི་ཕུལ་བྱུང་དོ་དམ་སོགས་ཀྱི་ཉམས་མྱོང་དང་ལག་རྩལ་མང་དག་ཅིག་ལྷོ་ཁར་ཁྱབ་གདལ་བཏང་སྟེ་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་ཡུན་རིང་འཕེལ་རྒྱས་ཆེད་ལས་རྣམ་གསར་པ་བཏོད་ཡོད།

    C ཞབས་འདེགས་ཧུར་ཐག་ཞུས་ཏེ། བོད་སྐྱོར་ལས་དོན་ཕུན་སུམ་ཚོགས་སུ་བཏང་བ།

    བོད་སྐྱོར་ནི་སྙིང་སྟོབས་ཤིག་ཡིན་ལ་རྒྱུ་ནོར་ཞིག་ཀྱང་རེད། ཧུའུ་ནན་བོད་སྐྱོར་སྨན་བཅོས་རུ་ཁག་གིས་འཇོན་ཐང་ཆེ་རུ་གཏོང་བ་དང་། དམངས་འཚོ་ལེགས་སུ་གཏོང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བ། ཁྱབ་ཁོངས་རྒྱ་བསྐྱེད་གཏོང་བ་བཅས་ལ་གཞི་ཚུགས་ནས། བྱ་ཐབས་སྣ་ཚོགས་སྤྱད་དེ་བོད་སྐྱོར་གྱི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་བཏང་ནས་བོད་སྐྱོར་གྱི་སྙིང་སྟོབས་དེ་བས་མངོན་པར་བྱས་ཡོད།

    2023ལོར་ཧུའུ་ནན་གྱི་བོད་སྐྱོར་སྨན་བཅོས་རུ་ཁག་གིས་སྨན་སྐྱེལ་བ་དང་སྨན་བཅོས་སོགས་ཞབས་འདེགས་ཧུར་ཐག་ཞུས་ནས་མང་ཚོགས་ཁྲི་སྟོང་མང་པོར་འོས་འགན་སྨན་བཅོས་དང་། སྒོར་ཁྲི་རི་བའི་སྨན་རྫས་གཤམ་སྤྲོད། ཟངས་རི་རྫོང་ལྷ་ལུང་གྲོང་ཚོ་སོགས་ཀྱི་ཞིང་དུད་དང་ཆ་སྒྲིག་རོགས་སྐྱོར་བཅས་བྱས་ནས་ཁོང་ཚོར་དྲོ་སྐྱིད་སྦྱིན་ཡོད། ཤང་ཡ་སྨན་ཁང་གི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་བོད་དུ་གདན་དྲངས་པ་དང་། ལྷུན་རྩེ་དང་གྲ་ནང་སོགས་རྫོང་4ཡི་ལྷན་སྐྱེས་སྙིང་ནད་ཀྱི་ནད་རྟགས་ཡོད་མཁན་བྱིས་པ་40ལྷག་ཙམ་ལ་གྲལ་བཤེར་སྐྱོབ་བཅོས་བྱས་ནས་ནད་རྟགས་གཏན་འཁེལ་བའི་བྱིས་པ་2ཧུའུ་ནན་དུ་རིན་མེད་སྨན་བཅོས་བྱེད་པར་བསྐྱལ་བ་རེད།

    ཧུའུ་ནན་གྱི་བོད་སྐྱོར་སྨན་པ་དང་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་འགོ་ནད་དོ་དམ་ཁའོ་ཡི་ཀྲུའུ་རེན་ལིའུ་ལེང་གིས་ང་ཚོས་ཆ་འཕྲིན་ཅན་དང་དཔྱད་ཞིབ་ཚད་གཞི་གཅིག་གྱུར་དང་གློག་རྡུལ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་འབྲེལ། ‘འགོས་ནད་ཚོད་འཛིན་ལས་དོན་ཁང’གི་APPསྤྱད་དེ་གསོ་སྦྱོང་ལ་ཤུགས་སྣོན་དང‘ལག་པའི་འཕྲོད་བསྟེན’ལ་བརྟག་དཔྱད་ཀྱིས་སྨན་དོན་དོ་དམ་ལ་ཤུགས་སྣོན་བརྒྱབ་ཡོད་ཅེས་བརྗོད་པ་དང་། ཧུའུ་ནན་གྱི་བོད་སྐྱོར་སྨན་པ་དང་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་རུས་ནད་ཚན་ཁག་གི་གཙོ་བཅོས་སྨན་པ་ཀྲོའུ་དབྱི་ཀྲའོ་ཡིས་ནད་པའི་སྡུག་བསྔལ་སེལ་ཐེངས་རེ་རེ་ལས་ང་རང་ལྷོ་ཁར་རོགས་སྐྱོར་ལ་ཡོང་བ་དོན་སྙིང་ལྡན་པ་ཚོར་སྣང་ཡོང་གི་འདུག་ཅེས་བརྗོད།

    གཞན་བརྟེན་ནས་རང་བརྟེན་བར་དང་རོགས་སྐྱོར་ནས་མཉམ་ལས་བར་ཧུའུ་ནན་བོད་སྐྱོར་སྨན་བཅོས་རུ་ཁག་གིས་བདེ་ཐང་སྲུང་སྐྱོང་གི་ཐོག་མའི་བསམ་འདུན་རེ་རེར་བརྟེན་ནས་ངོ་མཚར་ཆེ་བའི་སྨན་བཅོས་བོད་སྐྱོར་གྱི་ལེའུ་གསར་པ་རྩོམ་བཞིན་མཆིས།

    འདི་ནི་ཧུའུ་ནན་གྱི་བོད་སྐྱོར་སྨན་པ་དང་ལྷོ་ཁ་གྲོང་ཁྱེར་སྨན་རྩིས་ཁང་གི་ནད་ལྕིའི་ལྟ་སྐྱོང་ཁང་གི་རིགས་གཅིག་མཁས་ཅན་ཕེང་ཡའོ(གཡོན)དང་ས་གནས་དེ་གའི་སྨན་པས་ནད་པའི་ནད་གཞིའི་སྐོར་གྲོས་བསྡུར་བྱེད་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།