དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཆབ་མདོ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་དམིགས་བསལ་སྒྲིག་ཆས་ཀྱི་ལས་སྒྲུབ་མི་སྣའི་ཡིག་རྒྱུགས་ལྟེ་གནས་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-10

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་དམིགས་བསལ་སྒྲིག་ཆས་ཀྱི་ལས་སྒྲུབ་མི་སྣའི་ཡིག་རྒྱུགས་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་པ་དང་འབྲེལ་དྲ་ཐོག་ཡིག་རྒྱུགས་དང་པོ་དེའང་བཏང་བ་རེད། ད་ཐེངས་ཡིག་རྒྱུགས་ནང་ཆབ་མདོ་གྲོང་ཁྱེར་གྱི་དམིགས་བསལ་སྒྲིག་ཆས་ཀྱི་འབྲེལ་ཡོད་ཚན་པ་67གྱི་མི་270ལྷག་ཙམ་ལྗིད་འདེགས་འཕྲུལ་ཆས་དང་། གློག་སྐས། རྡོ་སྣུམ་གཤེར་གྱུར་སོལ་རླངས་བཅས་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་དོ་དམ་པ་དང་དམིགས་བསལ་སྒྲིག་ཆས་ཀྱི་ལས་དོན་མི་སྣའི་ཡིག་རྒྱུགས་ནང་སོ་སོར་ཞུགས་ཡོད་པ་རེད།

    ཡིག་རྒྱུགས་བདེ་བླག་ཡོང་བའི་འགན་ལེན་བྱ་ཆེད། ཆབ་མདོ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སི་ཁྲོན་ཞིང་ཆེན་དམིགས་བསལ་སྒྲིག་ཆས་བདེ་འཇགས་དོ་དམ་མཐུན་ཚོགས་ཀྱི་རིགས་གཅིག་མཁས་ཅན་ཆབ་མདོའི་ཡིག་རྒྱུགས་ཀྱི་བརྒྱུད་རིམ་ཧྲིལ་པོར་མཐུན་སྦྱོར་མཛུབ་ཁྲིད་ལ་ཆེད་མངགས་གདན་དྲངས་པ་རེད། ཡིག་རྒྱུགས་གཏོང་རིང་། “ལྡིར་སོ་སྤྲོས་ཆས་ཀྱི་བརྙན་ཕབ+བརྒྱུད་རིམ་ཧྲིལ་པོའི་བརྙན་ལམ་བརྙན་ཕབ་གཙོ་བོར་བྱེད་པ་དང་ཁྲིམས་འཛིན་ཐོ་འགོད་ཡོ་བྱད་ཀྱིས་གཞོགས་འདེགས་བྱེད་པའི”འཁོར་འབྲེལ་ཧྲིལ་པོ་དང་ཕྱོགས་ཡོངས་ལ་ལྟ་འདོམས་བྱས་ཏེ། བརྙན་ལམ་ལྟ་སྐུལ་ཚོད་འཛིན་ཡིག་རྒྱུགས་ཀྱི་སྒྲིག་སྲོལ་བླང་བྱ་དང་མཐུན་པའི་འགན་ལེན་བྱས་ཏེ་ཡིག་རྒྱུགས་ཀྱི་བརྒྱུད་རིམ་སྔར་བས་ཚད་ལྡན་དང་སྔར་བས་ཁ་གསལ་ཡོང་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།