དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ཞིང་ལས་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་གིས།

    དཔྱིད་རྨོད་ཐོན་སྐྱེད་ལ་དངུལ་རྩས་འདེགས་སྐྱོར་ཤུགས་ཆེན་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-10

    ལོ་གཅིག་གི་འཆར་གཞི་གྲུབ་མིན་དཔྱིད་ཀར་ཐུག ལོ་ལེགས་ཡོང་མིན་དཔྱིད་རྨོད་ལས་ལ་ལྟོས། མིག་སྔར་དཔྱིད་རྨོད་དཔྱིད་གྲབས་ཀྱི་འགག་རྩའི་དུས་སུ་སླེབས་པ་དང་གནམ་གཤིས་ཡང་རིམ་བཞིན་དྲོ་རུ་འགྲོ་བའི་སྐབས། གཞིས་རྩེ་གྲོང་ཁྱེར་དུ་དཔྱིད་རྨོད་དཔྱིད་གྲབས་ཀྱི་མཐོ་རླབས་ཕྱོགས་ཡོངས་ནས་འཕྱུར་ཏེ་ཞིང་ནང་དང་མུ་ཁའི་གང་སར་ཞིང་པ་རྣམས་ལས་ལ་བྲེལ་བའི་རྣམ་པས་ཁེངས།

    ཨེ་མའི་ཞོག་ཁོག་ནི་རྣམ་གླིང་རྫོང་གི་ཡུལ་ཟོག་ཁྱད་པར་བ་ཞིག་ཡིན་པ་དང་། དེའི་སྤྱི་གནོད་མེད་པའི་འདེབས་འཛུགས་ལས་ཞོག་ཁོག་གི་རྡོག་པོ་ཆེ་ཞིང་པགས་པ་སྲབ་ལ། བྲོ་བ་ཞིམ་པ། སིང་ཕྱེ་འདུས་ཚད་མང་བ་སོགས་ཀྱི་ཁྱད་ཆོས་ཡོད་པས་ཁྲོམ་རར་གདེང་འཇོག་བཟང་པོ་ཐོབ་ཡོད།

    ཨེ་མ་ཤང་སྲམ་པ་གྲོང་ཚོའི་ཚེ་རིང་། ཆུང་དུས་ནས་ཕ་མའི་ས་ནས་ཞོག་སོན་ལ་གཡོག་བྱེད་པ་མཐོང་མྱོང་ལ་ཞོག་ཁོག་ལ་བརྩེ་བ་ཟབ་མོ་ཡོད། ནར་སོན་རྗེས་ཁྱིམ་ཚང་གི་འགན་འཁུར་མཁན་དུ་གྱུར་པའི་ཚེ་རིང་གིས་ཞོག་ཁོག་གི་འདེབས་ཁྱོན་ཆེ་རུ་གཏོང་རྒྱུའི་བསམ་བློ་འཁོར་ཡང་། སོན་དང་ཞིང་འཕྲུལ་ཉོ་བའི་མ་དངུལ་མེད་སྟབས་སེམས་ལ་གནོན་ཤུགས་ཆེན་པོ་འཕྲད།

    སྟབས་ལེགས་པ་ཞིག་ལ། ཞིང་ལས་དངུལ་ཁང་རྣམ་གླིང་རྫོང་ཨེ་མ་སྒང་ལས་གཉེར་ཁང་གི་ལས་དོན་པས་སྐོར་སྐྱོད་ཞབས་འདེགས་ཞུ་རིང་། ཚེ་རིང་གི་བསམ་ཚུལ་ཤེས་ནས་ཁོང་གི་སར་ཡོང་སྟེ་འབྲེལ་གཏུག་སྤེལ་རེས་བྱས་པ་དང་། དེ་ནས་ཉིན་གསུམ་ལས་མི་འགོར་བར་ཚེ་རིང་ལ“ཞིང་ཕན་གྱི་eདངུལ་བུན”སྒོར་ཁྲི་30རག་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་ཚེ་རིང་གིས་ཨེ་མ་སྒང་ལས་གཉེར་ཁང་དུ་འདུན་ཞུ་བྱས་ནས་དངུལ་བུན་རག་ཐེངས་བཞི་པ་དེ་ཡིན་པ་དང་། དེ་ལྟར་ཞིང་ལས་དངུལ་ཁང་གིས་དངུལ་བུན་གྱི་རྒྱབ་སྐྱོར་ཟམ་མི་ཆད་པར་བྱས་པའི་ཐོག་ཞོག་ཁོག་འདེབས་འཛུགས་ཀྱི་ལག་རྩལ་ཡང་ཡག་པར་བརྟེན་ནས་ཚེ་རིང་ཁྱིམ་གྱི་འཚོ་བ་ཉིན་བཞིན་སྐྱིད་དུ་སོང་ཡོད།

    ཕུར་དགེས་རྒྱལ་རྩེ་རྫོང་ལ་འབྲུ་རིགས་ཉོ་སྒྲུབ་ལས་ལ་གཞོལ་ནས་ལོ་17སོང་ཞིང་། ཁོང་གིས་ཞབས་འདེགས་ཡག་པོ་ཞུ་ཡི་ཡོད་པར་བརྟེན་ས་གནས་དེ་གའི་མང་ཚོགས་ཀྱིས“གཉེར་པ་ལགས”ཞེས་འབོད་ཀྱི་ཡོད།

    སྟོན་ཁ་སླེབས་རིམ་བཞིན་ཕུར་དགེ་བྲེལ་བ་ལྷག་པར་ཆེ། ཉེ་བའི་ལོ་ཤས་རིང་། ནས་ཉོ་སྒྲུབ་ཀྱི་ལས་དོན་བདེ་བླག་ངང་ལེགས་སྒྲུབ་བྱ་ཆེད། ཁོང་གིས་འབྲུ་མཛོད་རྒྱ་ཆེ་རུ་གཏོང་རྒྱུའི་བསམ་བློ་འཁོར་མོད། ཡིན་ནའང་། མ་དངུལ་མི་འདང་བ་དེ་ཁོང་གི་མིག་མདུན་གྱི་དཀའ་གནད་ཅིག་ཏུ་གྱུར།

    ཕུར་དགེ་ལ་དཀའ་ངལ་འཕྲད་པའི་གནས་ཚུལ་དེ་ཤེས་རྗེས། ཞིང་ལས་དངུལ་ཁང་རྒྱལ་རྩེ་རྫོང་ཉིང་ལག་དངུལ་ཁང་གིས་འཕྲལ་མར་བྱ་སྤྱོད་སྤེལ་ཏེ། དངུལ་རྩའི་ཞིང་ཕན་སྲིད་ཇུས་ལ་བརྟེན་ནས་ཕུར་དགེ་ལ“ཚོང་དུད་ཀྱི་eདངུལ་བུན”སྒོར་ཁྲི་20གང་མགྱོགས་སྤྲད་ཅིང་། མ་དངུལ་བཏང་བ་དེས་ཕུར་དགེའི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་ཆུང་དུ་ནུས་ལྡན་སོང་ལ་འབྲུ་མཛོད་ཀྱི་གཞི་ཁྱོན་དང་ཐོན་སྐྱེད་ཀྱི་རྒྱ་སྟོབས་ཆེ་རུ་འགྲོ་བར་དངུལ་རྩའི་རྒྱབ་སྐྱོར་ནུས་ལྡན་ཐོབ་ཡོད།

    ས་ཁོངས་ཀྱི་དངུལ་རྩས“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་གཙོ་ཤུགས་དམག་ཅིག་ཡིན་པའི་གཞིས་རྩེ་ཡན་ལག་དངུལ་ཁང་གིས་འདི་ལོར་དཔྱིད་རྨོད་དཔྱིད་གྲབས་དེ་ཡིད་རྟོན་དངུལ་བུན་གྱི་འདེགས་སྐྱོར་བྱ་ཡུལ་གཙོ་བོར་བརྩིས་ནས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལས་དོན་ལ་ཕྱོགས་ཡོངས་ནས་རམ་འདེགས་བྱས་ཏེ། སོན་དང་། ཞིང་འཕྲུལ། རྫས་ལུད་སོགས་ཞིང་ལས་རྒྱུ་ཆ་ཉོ་མཁན་ཞིང་པའི་མ་དངུལ་གྱི་དགོས་མཁོ་ཟམ་མི་ཆད་པར་བསྐངས་ཏེ་དཔྱིད་རྨོད་ཐོན་སྐྱེད་ལ་དངུལ་རྩས་འདེགས་སྐྱོར་ཤུགས་ཆེན་བྱས་ནས་ཞིང་འདེབས་དང་ཞིང་ལས་ཀྱི་དགོས་མཁོ་བསྐངས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།