དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཐེ་ལན་རྒྱལ་ཁབ་གཉིས་པོས་མཉམ་ལས་བྱས་ནས་ཟླ་བའི་གོ་ལའི་འཚོལ་ཞིབ་ལས་འགན་བསྒྲུབ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-10

    ཟླ་4ཚེས་5ཉིན་ཀྲུང་གོ་རྒྱལ་ཁབ་འཇིག་རྟེན་འཕུར་སྐྱོད་ཅུས་དང་། ཐེ་ལན་མཐོ་རིམ་སློབ་གསོ་ཚན་ཞིབ་དང་གསར་གཏོད་པུའུ་ཡིས་པེ་ཅིང་དུ་རླུང་ཁམས་ཆགས་རིམ་གྱི་ཕྱི་རོལ་འཚོལ་ཞིབ་དང་ཞི་བདེའི་ངང་སྤྱོད་པའི་མཉམ་ལས་བྱ་རྒྱུའི་སྐོར་གྱི་བསམ་ཤེས་བརྗེད་ཐོ་དང་རྒྱལ་སྤྱིའི་ཟླ་བ་གོ་ལའི་ཚན་ཞིབ་ས་ཚིགས་མཉམ་ལས་ཀྱི་བསམ་ཤེས་བརྗེད་ཐོར་མཉམ་དུ་མིང་རྟགས་བཀོད་ཅིང་། ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བའི་ལྷ་མོ་ཨང་བདུན་པའི་ལས་འགན་གྱིས་གདམ་གསེས་བྱས་ནས་ཁུར་བའི་ཐེ་ལན་གྱིས་བཟོས་པའི“གོ་ལ་ཧྲིལ་པོའི་བར་སྣང་གནམ་གཤིས་ལྟ་ཞིབ་ཚད་ལེན”སྒྲིག་ཆས་དེ་ཟླ་བའི་གོ་ལའི་ཕྱོགས་ནས་འཇིག་རྟེན་ཁམས་ལ་ཁྱབ་འགྱེད་དང་བར་སྣང་གི་གནམ་གཤིས་ལ་ལྟ་ཞིབ་ཚད་ལེན་བྱེད་པར་སྤྱོད་རྒྱུ་ཡིན་ཞིང་། དེ་ནི་ཐེ་ལན་གྱི་ཚན་རིག་དཔྱད་ཆས་ཀྱིས་ས་གོ་ལའི་འཁོར་ལམ་བསྐོར་ནས་འཇིག་རྟེན་གྱི་དགུང་སྔོན་དབྱིངས་སུ་སྐྱོད་ཐེངས་དང་པོ་ཡིན་པ་རེད། ཟླ་བའི་ལྷ་མོ་ཨང་བརྒྱད་པའི་ལས་འགན་གྱིས་སྤྱི་རྒྱ་200ཟིན་པའི་རྒྱལ་སྤྱིའི་མཉམ་ལས་དངོས་པོ་ཁྱེར་བའི་གོ་སྐབས་མཁོ་འདོན་བྱས་པ་དང་། ཟླ་བའི་ངོས་མང་པོ་ནས་འཕྲུལ་མི་བཀོལ་སྤྱོད་དང་ཚན་རིག་དང་མཐུན་པའི་ཐེག་ཚད་ཆེ་བའི་ཁུར་པོ་འཁྱེར་རྒྱུའི་ཐེ་ལན་གྱི་འདུན་ཞུ་ཡང་འབྱོར་ཡོད། མིག་སྔར་གདམ་གསེས་བྱེད་སྒང་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།