དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དུས་ཚིགས་དང་པོར་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཚད་དུས་མཚུངས་ལས་34.9%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-04-10

    འདི་ལོ་ནས་བཟུང་། ཅང་སུའུ་ལན་ཡུན་ཀང་གྲུ་ཁས་དུས་གཏན་མེ་འཁོར་གྱི་ཟོག་ཁུངས་གཙོ་བོ་དམ་འཛིན་བྱེད་པ་དང་། དུས་གཏན་མེ་འཁོར་གྱི་ཟོག་རིགས་མང་དུ་གཏོང་བ། དུས་གཏན་མེ་འཁོར་གྱི་ལམ་ཐིག་མང་དུ་གཏོང་བ་སོགས་བྱས་པས་ཀྲུང་ཡོའི་དུས་གཏན་མེ་འཁོར་གཏོང་ཐེངས་མང་དུ་ཕྱིན་ནས་དུས་ཚིགས་དང་པོར་འགོ་ཚུགས་བཀྲ་ཤིས་བྱུང་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་དང་པོ་ནས་གསུམ་པའི་བར་ཀྲུང་ཡོའི་དུས་གཏན་མེ་འཁོར་ཐེངས་233བཏང་བ་དང་ཁྱོན་བསྡོམས་ཚད་ལྡན་དོས་སྒམ་19120འདྲེན་པ་དེ་དུས་མཚུངས་ལས་34.9%འཕར་ཡོད། འདི་ནི་2024ལོའི་ཟླ་4ཚེས་8ཉིན་ཀྲུང་ཧ(ལན་ཡུན་ཀང་གྲུ་ཁ)ཟོག་འདྲེན་མཉམ་ལས་རྟེན་གཞིར་ཀྲུང་ཡོའི་དུས་གཏན་མེ་འཁོར་ནང་དོས་སྒམ་བླུགས་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།