ནག་ཆུའི་དངུལ་རྩའི་སྒྲིག་གཞི་མང་པོས་རྒན་རྒོན་ལ་རོགས་རམ་བྱེད་པའི་ཞབས་ཞུའི་ལས་དོན་སྤེལ་བ།
དངུལ་ཁང་དུ་འགྲོ་ལུགས་གཉེར་བར་སྟབས་བདེ་བསྐྲུན་པ།
ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་དངུལ་རྩའི་ཞབས་ཞུའི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ་དང་། དངུལ་རྩའི་ཞབས་ཞུའི་བྱེད་ཐབས་ཁྱབ་གདལ་གཏོང་བ། རྒན་རྒོན་ལ་རོགས་རམ་བྱེད་པའི་དྲོ་སྐྱིད་འདུ་འགོད་གཏོད་པ་བཅས་བྱས་པར་བརྟེན་རྒན་རྒོན་གྱི་དངུལ་རྩའི་ཞབས་ཞུའི་སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་རེད།
དངུལ་ཁང་གི་སྒྲིག་གཞིར་སྟེགས་འཁོར་དང་། གཅེས་སེམས་རྐུབ་སྟེགས། རྒན་རྒོན་གྱི་མིག་ཤེལ། ཆེ་ཤེལ། དངུལ་རྩིས་འཕྲུལ་ཆས་སོགས་རྒན་རྒོན་ལ་འཚམ་པའི་སྒྲིག་ཆས་བཀོད་སྒྲིག་བྱས་པ་མ་ཟད། ཁོངས་གཏོགས་ཁུལ་གྱི་དངུལ་ཁང་སྒྲིག་གཞི་6གིས་རྒན་རྒོན་ཚོར་ཐོགས་མེད་བགྲོད་ལམ་དང་། སྔོན་ལ་ཨང་ཀི་འབོད་པ། བོད་སྐད་ཞབས་ཞུ་སོགས་རྒན་རྒོན་ལ་ཞབས་འདེགས་ཞུ་བའི་སྒྲིག་ཆས་སྣ་ཚོགས་མཁོ་འདོན་བྱས་ཡོད། 2024ལོའི་ཟླ་2པའི་ཟླ་མཇུག་བར། ཁོངས་གཏོགས་ཁུལ་གྱི་དངུལ་ཁང་ལས་ཚིགས་ཀྱིས་རྒན་རྒོན་ལ་འཚམ་པའི“ཐོགས་མེད་བགྲོད་ལམ”བཏོད་ཚད་100%ཟིན་པ་དང་། ལས་ཚིགས་ཀྱིས་རིམ་རྩིས་བྱས་ན་རྒན་རྒོན་ལ་དངུལ་བཅོལ་ལེན་གྱི་ཤེས་བྱ་སྒྲོག་འགྲེལ་ཐེངས་8000ཙམ་བྱས་པས་རྒན་རྒོན་མི་ཐེངས་ཁྲི་5ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
ཞིང་སྐྱོར་དངུལ་ལེན་ཞབས་ཞུའི་ས་ཚིགས་རིམ་སྤོར་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་བཏང་ནས་ལས་སྒོ་གཉེར་མཁོ་བའི་རྒན་རྒོན་གྱི་སྒོ་རྩར་བསྐྱོད་དེ་སྤྱི་ཚོགས་འགན་བཅོལ་གཱ་བཟོ་བ་དང་། བརྗེ་བ། དངུལ་ཁང་གཱའི་གསང་རྟགས་བསྐྱར་བཟོ་སོགས་ཀྱི་ལས་སྒོ་གཉེར་བ་རེད། 2024ལོའི་ཟླ་2པའི་ཟླ་མཇུག་བར། ཁོངས་གཏོགས་ཁུལ་གྱི་དངུལ་ཁང་སྒྲིག་གཞིས་རྒན་རྒོན་ཚོར“སྒོ་རྩར་ཞབས་འདེགས་ཞུ་བའི”བྱེད་སྒོ་ཐེངས་5900ལྷག་ཙམ་སྤེལ་བ་དང་རྒན་རྒོན་ལ་དམིགས་ནས་དྲིལ་བསྒྲགས་བྱེད་སྒོ་ཐེངས་3000ལྷག་ཙམ་སྤེལ་བས་རྒན་རྒོན་ཁྲི་10ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
ས་གནས་ས་ཐོག་ཏུ་ལྐོག་ཞིབ་དང་ཁ་པར་ནས་ལྐོག་ཞིབ་ཟུང་འབྲེལ་བྱེད་ཐབས་ཧུར་ཐག་སྤྱད་དེ་ནག་ཆུ་གྲོང་ཁྱེར་གྱི་དངུལ་ཁང་ལས་ཚིགས་79ཡིས་རྒན་རྒོན་ལ་འཚམ་པའི་ཞབས་ཞུ་ལེགས་སུ་གཏོང་བ་སོགས་ཀྱི་ལྐོག་ཞིབ་ལས་དོན་སྤེལ་ཡོད། 2024ལོའི་ཟླ་2པའི་ཟླ་མཇུག་བར། གྲོང་ཁྱེར་ཡོངས་ཀྱི་དངུལ་ཁང་ལས་ཚིགས་79ཡིས་ཞབས་ཞུའི་ལྟ་སྐུལ་ཁ་པར་ཡོངས་བསྒྲགས་བྱས་ནས་གནད་དོན་ཤེས་རྟོགས་བྱུང་བའི་ལས་ཚིགས་ལ་དུས་ཐོག་ཏུ་བཅོས་སྒྲིག་བྱེད་ཐབས་བཏོན་པ་དང་ཁོངས་གཏོགས་ཁུལ་གྱི་དངུལ་ཁང་ལས་ཚིགས་ཀྱི་མཁྲེགས་ཆས་སྒྲིག་བཀོད་དང་ཞབས་ཞུའི་ཆུ་ཚད་སླར་ཡང་ལེགས་སུ་དང་མཐོ་རུ་བཏང་སྟེ། རྒན་རྒོན་གྱི་དངུལ་བཅོལ་ལེན་ཞབས་ཞུའི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་ཆེ་རུ་ཏན་ཏིག་བཏང་བ་རེད།