དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དམངས་གཙོའི་བཅོས་སྒྱུར་བྱས་ཚུན་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་རླབས་ཆེན་ཐོབ་པ།

    ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.74ནས་སྒོར་དུང་ཕྱུར་2392.67བར་འཕར་བ་དང་། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་142ནས་སྒོར་65642བར་འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-10

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65འཁོར་བའི་བརྗོད་དོན་གཙོ་བོ་རབ་དང་རིམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 1959ལོ་ནས་2023ལོ་བར། ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.74ནས་སྒོར་དུང་ཕྱུར་2392.67བར་འཕར་ཏེ་ལོ་རེར་ཆ་སྙོམས་9.2%འཕར་བ་དང་། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་142ནས་སྒོར་65642བར་འཕར་ཡོད་པ་རེད།

    བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་65སོང་ཚུན། རང་ལྗོངས་ཀྱི་རང་ངོས་འཕེལ་རྒྱས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། འདེགས་སྐྱོར་ཆ་རྐྱེན་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་མངོན་གསལ་དོད་པོ་ཕྱིན་པ་བཅས་བྱུང་ཡོད། ལྗོངས་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་2023ལོར་སྒོར་དུང་ཕྱུར་236.62ཟིན་ཡོད། ཐོན་ལས་གསུམ་གྱི་བསྡུར་ཚད་1959ལོའི་73.6∶12.6∶13.8ནས་2023ལོའི་9.0∶36.9∶54.1བར་ལེགས་སྒྲིག་ཐུབ་ནས་དེང་རབས་ཐོན་ལས་འཕེལ་རྒྱས་མྱུར་པོ་དང་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་མཐུད་ཆེ་རུ་འགྲོ་བའི་རྣམ་པ་གསར་པ་ཆགས་ཡོད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་ལྗོངས་ཡོངས་ཀྱི་ཁོར་ཡུག་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་བསྟུད་མར་ཟིན་ཞིང་། གཙང་པོ་དང་། ཆུ་བོ། མཚོ་བཅས་ཀྱི་ཆུའི་སྤུས་ཚད་ཚང་མ་རིམ་པ་Ⅲཔའི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་ཡོད་པ་དང་ཆུ་འགོའི་ཆུའི་སྤུས་ཚད་100%ཟིན་གྱི་ཡོད། དམངས་འཚོའི་བྱ་གཞག་ཟམ་མི་ཆད་པར་ལེགས་སུ་ཕྱིན་ཞིང་། 2023ལོར་བོད་ཀྱི་མི་འབོར་1959ལོའི་མི་ཁྲི་122.8ནས་མི་ཁྲི་365བར་མང་དུ་ཕྱིན་པ་དང་། མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ་35.5ནས་2020ལོའི་ལོ་72.19བར་མཐོ་རུ་ཕྱིན་པ། ལོ་15དང་དེ་ཡན་གྱི་མི་འབོར་ལ་ཆ་སྙོམས་སློབ་གསོ་ཐོབ་ཚད་ལོ་6.75བར་མཐོ་རུ་ཕྱིན་པ། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་99%ཡན་རྒྱུན་འཁྱོངས་ཐུབ་པ་བཅས་བྱུང་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་པ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་ལེན་ཐུབ་པ་བཅས་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལོ་65ཡི་རིང་། བོད་ཀྱི་དཔལ་འབྱོར་བསྡོམས་འབོར་རྒྱུན་མཐུད་རྒྱ་ཆེར་ཕྱིན་ནས་ཅུང་མགྱོགས་པོ་འཕར་བར་རྒྱུན་འཁྱོངས་ཐུབ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཏེ་སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་ཡོད། 1993ལོ་ནས་2017ལོ་བར་གྱི་བོད་ཀྱི་དཔལ་འབྱོར་ལོ་25བསྟུད་མར་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། 2014ལོ་ནས་2020ལོ་བར་གྱི་ལོ་7བསྟུད་མར་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོ་ནས་གསུམ་པ་བར་སླེབས་ཡོད། 2023ལོར། བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་ཆུ་ཚད་38.88%ཟིན་པ་དེ་2012ལོ་ལས་བརྒྱ་ཆའི་གྲངས་16.01འཕར་ཡོད་པ་དང་། 2019ལོར། བོད་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་། རྫོང(ཆུས)དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་ཡོད། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་བྱུང་ཚད་97.78%ཟིན་ནས་2023ལོར་མཐོ་རིམ་སློབ་གྲྭ་7བར་མང་དུ་ཕྱིན་པ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མའི་མི་གྲངས་ལོ་རེར་ཆ་སྙོམས་5.5%འཕར་ཞིང་། རྒྱལ་ཡོངས་ཀྱི་སྔོན་དུ་བུ་བཅོལ་ཁང་དང་། སློབ་ཆུང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་བར་གྱི་ལོ་15རིང་གི་གཞུང་གྲོན་སློབ་གསོའི་མ་ལག་བསྐྲུན་ཡོད། 2023ལོར། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1821(གྲོང་ཚོའི་འཕྲོད་བསྟེན་ཁང་ཚུད་མེད་པ)དང་། ནད་ཁྲི་21551 འཕྲོད་བསྟེན་ལག་རྩལ་མི་སྣ་29379བཅས་ཟིན་ནས་ལོ་རེར་ཆ་སྙོམས་5.4%དང་། 6.1% 5.8%བཅས་སོ་སོར་འཕར་ཡོད་པ་རེད།

    ལོ་65ཡི་རིང་། བོད་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་ནས་གཉེར་སྐྱོང་བྱེད་པོ་འབོར་ཆེན་ཐོན་པ་དང་། གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། བསྡུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། ཐོན་ལས་གསར་པ་དང་ལས་རྣམ་གསར་པ་འཕེལ་རྒྱས་མྱུར་པོ་ཕྱིན་པ། ཕྱོགས་བསྡུས་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས་བྱུང་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་གྱི་སྒུལ་ཤུགས་གཙོ་བོར་རིམ་བཞིན་འགྱུར་ཅིང་། ཐོན་ལས་གསུམ་པའི་འཕར་ཐང་གི་བསྡུར་ཚད་ཕྱེད་ཀ་ལྷག་ཙམ་ཟིན་ཏེ་2023ལོར་54.1%ཟིན་པ་དང་། དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་ཚད་57.6%ཟིན་ནས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གསར་པར་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།