དཀའ་སྡུག་དང་བདེ་སྐྱིད། བོད་ཀྱི་ཡར་ལངས་ཞིང་བྲན་བློ་བཟང་མགོན་པོ།
འདི་ནི་བློ་བཟང་མགོན་པོའི་འདྲ་པར་ཡིན་པ།
འདི་ནི་བློ་བཟང་མགོན་པོ(དཀྱིལ)དང་། བུ་རྒན་པའི་མནའ་མ་དབྱངས་ཅན(གཡོན) བཟའ་ཟླ་ཚེ་རིང་དཔལ་མོ་བཅས་ཀྱིས་རང་ཁྱིམ་གྱི་སྒོ་རྩར་མཉམ་པར་རྒྱག་བཞིན་པ།
བློ་བཟང་མགོན་པོ་1949ལོར་སྐྱེས་པ་དང་འདི་ལོ་ལོ་75ཡིན།
བློ་བཟང་མགོན་པོའི་བྱིས་དུས་ཀྱི་དྲན་འཆར་ནང་ཁྱིམ་གྱི་འཁོས་ཀ་དབུལ་ཞིང་ཕོངས་པ་དང་ཟས་གོས་མེད་པས་འཁྱགས་ལྟོགས་ཀྱིས་མནར་བ་ཞིག་ཡོད།
བློ་བཟང་མགོན་པོའི་ཁྱིམ་ནི་ལྷམ་བཟོ་བའི་མི་ཚང་ཞིག་ཡིན། ཆུང་དུས་སུ་ཉིན་ལྟར་གཉིད་ལས་སད་མ་ཐག་མལ་ནས་ལངས་ཏེ་པཱ་ལགས་དང་སྤོ་ལགས་ཀྱི་གམ་ནས་ལྷམ་བཟོ་སྟངས་སྦྱོང་དགོས་ཀྱི་ཡོད།
ཞིང་བྲན་གྱི་ཕྲུ་གུ་ནི་སྐྱེས་མ་ཐག་ནས་ཞིང་བྲན་ཡིན་པ་ནི་ལྡོག་ཐབས་མེད་པའི་ལས་དབང་དང་འདྲ།
སྨི་ངོས་གྲུ་30ལྷག་ཙམ་ཟིན་པའི་ཁང་ཧྲུལ་དེ་ནི་སྐབས་དེ་དུས་ནང་མི་7པོའི་ལྷགས་གཡོལ་དང་ཆར་གཡོལ་བྱེད་ས་དེ་རེད། ཁྱིམ་གྱི་ཕྲུ་གུ་བཞི་པོ་ཡོད་ཅིང་། ཕྲུ་གུ་བཞི་པོར་ཉལ་པའི་ཉལ་ཁྲི་གཅིག་དང་ཉལ་ཆས་གཅིག་ལས་མེད། གྱོན་པར་དྲེག་པ་ཆགས་ན་བཀྲུས་ནས་མུ་མཐུད་གྱོན་རྒྱུ་མ་གཏོགས་གྱོན་པ་ལྷག་མ་མེད། མི་རེས་ལོ་རེར་འབྲུ་ཁྲལ་ཁལ་ལྔ་རེ་འཇལ་དགོས་པས་ནང་མི་ཚང་མ་དཀའ་སྡུག་གི་གནས་སུ་གྱར་ཞིང་། འབྲུ་རིགས་ཡོད་ན་འབྲུ་རིགས་འཇལ་བ་དང་འབྲུ་རིགས་མེད་ན་ལྷམ་བཙོངས་ནས་ཁྲལ་འཇལ་དགོས་ཀྱི་ཡོད་ཞེས་བློ་བཟང་མགོན་པོས་བརྗོད།
ཞིང་བྲན་བདག་པོར་ཁྲལ་འུ་ལག་བརྒྱུགས་རྗེས་ཨ་མ་ཁྱིམ་དུ་ལོག་ནས་སྤུན་འཁེལ་བ་དང་ལྷམ་མཐིལ་བཟོ་ཡི་ཡོད། ནང་མི་ཚང་མས་ནམ་ལངས་པ་ནས་ས་མ་རུབ་པའི་བར་ལྷམ་བཟོ་ཡི་ཡོད་པས་སྣུམ་བཞུ་ཡུན་རིང་སྤོར་བར་སྣུམ་དཀོན་པས། མུན་པ་རུབ་རྗེས་ནང་མི་ཚང་མ་སྔ་མོ་ནས་ཉལ་རྒྱུ་ལས་ཐབས་མེད།
1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པ་རེད།
ཡར་ལངས་བཅིངས་འགྲོལ་ཐོབ་ནས་བློ་བཟང་མགོན་པོ་ལོ་10ལ་སླེབས་སྐབས་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་མ་ཞིག་ཏུ་གྱུར་ནས་མི་ཚེའི་ལེའུ་གསར་པ་ཞིག་གཏོད་འགོ་ཚུགས།
ཕྱིས་སུ་ཁོང་གིས་ད་དུང་གྲོང་ལྷན་ཀྲུའུ་རེན་དང་། ཁྲེང་ཀོན་ཆུས་བཟོ་ཚོང་ལྷན་ཚོགས་ཀྱི་ཚོགས་གཙོ། ཁྲེང་ཀོན་ཆུས་བཟོ་ཚོང་ཅུས་ཀྱི་ཅུས་ཀྲང་། ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱི་ཨུ་ཡོན་སོགས་ཀྱི་འགན་བཞེས་མྱོང་ཡོད།
ཞིང་བྲན་ནས་རྒྱལ་ཁབ་ཀྱི་ལས་བྱེད་པའི་བར་གྱི་བློ་བཟང་མགོན་པོའི་མི་ཚེར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།