དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་ཁྲིད་སྟོན་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-04-09

    2023ལོའི་ཟླ་10པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས《གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་བཅོས་སྐྱོང་གི་གྲོས་འགོ》འདོན་རྒྱུ་ཁྱབ་བསྒྲགས་གནང་བ་རེད། མིའི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་པའི་མི་ཐབས་རིག་ནུས་ཀྱི་ཁྱབ་ཁོངས་གལ་ཆེན་ལ་དམིགས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དེ་བཞིན་བཅོས་སྐྱོང་ཇི་ལྟར་བྱེད་དགོས་པའི་གནད་དོན་ལ་བརྒྱུད་རིམ་ལྡན་པའི་ངང་ལན་བསྐྱོན་ནས་མི་ཐབས་རིག་ནུས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཀྲུང་གོའི་ཇུས་གཞི་མཁོ་འདོན་གནང་ཡོད། གྲོས་འགོ་དེས་ཀྲུང་གོས་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ལ་ཀྲུང་གོས་འཛམ་གླིང་ལ་ལེགས་སྐྱེས་འབུལ་བའི་སྤྱི་པའི་ཐོན་རྫས་གལ་ཆེན་ཞིག་ཏུའང་གྱུར་ཡོད། ཉེ་བའི་ལོ་ཕྱེད་ནང་ཀྲུང་གོས་གྲོས་འགོ་དོན་འཁྱོལ་ཧུར་ཐག་བྱས་ཏེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་དར་ཆ་མཐོན་པོར་བསྒྲེངས་ནས་ཀྲུང་གོའི་འདུ་ཤེས་ཀྱི་འདོད་ཚུལ་དར་སྤེལ་གཏོང་བ་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་གཏིང་ཟབ་ཞུགས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་ཁུར་རྒྱ་ཁྱབ་ཐོབ་ཡོད།

    མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཞུགས་པ་དང་ཁྲིད་སྟོན་བྱེད་པ་དེས་མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རམ་འདེགས་ཐུབ་ཡོད། ཀྲུང་གོས་མི་ཐབས་རིག་ནུས་འཕེལ་རྒྱས་ལ་སྒོ་དབྱེ་དང་། ཁ་གསལ། བསྟུན་མཁས་བཅས་ཀྱི་ཁོར་ཡུག་གཏོད་པར་སྐུལ་འདེད་ཧུར་ཐག་བཏང་བ་དང་མི་ཐབས་རིག་ནུས་ཁྱབ་ཁོངས་སུ“སྒོ་ར་ཆུང་ངུར་གྱང་མཐོན་པོ”རྒྱག་པ་དང་། ལག་རྩལ་སྒེར་སྡེམ་དང་ཕྱོགས་རྐྱང་པའི་བཀག་སྡོམ་བྱ་ཐབས་སྤྱད་དེ་འཕེལ་རྒྱས་ཀྱི་མཁར་རྫོང་བཟོས་ནས་རྒྱལ་ཁབ་གཞན་དག་གི་མི་ཐབས་རིག་ནུས་འཕེལ་རྒྱས་ལ་རྐང་བཙུགས་ནས་འགོག་རྐྱེན་བཟོས་པར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོས་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མི་ཐབས་རིག་ནུས་ཀྱི་ཤེས་བྱའི་གྲུབ་འབྲས་མཉམ་སྤྱོད་དང་མི་ཐབས་རིག་ནུས་ཀྱི་ལག་རྩལ་གསར་གཏོད་བྱ་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད།

    མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཞུགས་པ་དང་ཁྲིད་སྟོན་བྱེད་པ་དེས་དྲང་གཞག་དྲང་བདེན་གྱི་རྒྱལ་སྤྱིའི་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བར་རམ་འདེགས་ཐུབ་ཡོད། མིག་སྔར་རྒྱལ་སྤྱིའི་ཐོག་མི་ཐབས་རིག་ནུས་ཀྱི་བདེ་འཇགས་ཀྱི་ཉེན་ཁ་དང་བཅོས་སྐྱོང་གི་རྩ་དོན་དང་ལམ་སྲོལ་སོགས་གནད་དོན་གལ་ཆེན་ལ་གྲོས་བསྡུར་གཏིང་ཟབ་བྱེད་བཞིན་ཡོད་པ་རེད། ཀྲུང་གོས་མི་ཐབས་རིག་ནུས་འཕེལ་རྒྱས་གཏོང་བར“རིག་ནུས་དགེ་བརྩོན”གྱི་དམིགས་ཡུལ་མཐའ་འཁྱོངས་བྱས་ནས་སྤྱོད་གོ་ཆོད་པའི་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བ་དང་ཞི་བདེ་དང་། འཕེལ་རྒྱས། དྲང་གཞག དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཧྲིལ་པོའི་ཐུན་མོང་གི་རིན་ཐང་དང་འཚམ་པར་བྱེད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་བྱས་ནས་རྒྱ་ཁྱབ་ངང་ཞུགས་པ་དང་གྲོས་མོལ་གཅིག་མཐུན་གྱི་རྨང་གཞིའི་ཐོག་རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་ཆགས་པར་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་འོག་གི་རྒྱལ་སྤྱིའི་བཅོས་སྐྱོང་སྒྲིག་གཞི་འཛུགས་པར་རྒྱབ་སྐྱོར་བྱས་ནས་མི་ཐབས་རིག་ནུས་འཕེལ་རྒྱས་དང་། བདེ་འཇགས། བཅོས་སྐྱོང་བཅས་ཀྱི་གྲོས་གཞི་གལ་ཆེན་ལ་མཐུན་སྦྱོར་བྱེད་དགོས་པའི་ནན་བཤད་བྱས་ཡོད།

    མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཞུགས་པ་དང་ཁྲིད་སྟོན་བྱེད་པ་དེ་ཐོག་ནས་ཀྲུང་གོའི་འགན་འཁྲི་འཁུར་སེམས་ཆེ་བའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་མཚོན་ཡོད། གོ་ལ་ཧྲིལ་པོའི་མི་ཐབས་རིག་ནུས་འཕེལ་རྒྱས་དང་བཅོས་སྐྱོང་དོ་སྙོམས་དེ་ཙམ་མེད། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཆེད་དུ་བདེན་སྐྱོང་དྲང་གཏམ་ཧུར་ཐག་ཤོད་པ་དང་། དར་ཆ་གསལ་སྟོན་གྱི་སྒོ་ནས་རྒྱལ་ཁབ་ཚང་མར་མི་ཐབས་རིག་ནུས་འདྲ་མཉམ་ངང་འཕེལ་རྒྱས་དང་སྤྱོད་པའི་དབང་ཆ་ཡོད་པའི་འདོད་ཚུལ་འཛིན་པ། མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བའི་རེ་འབོད་བཅས་བྱས་ནས་རྒྱལ་ཁབ་ཁག་གི་དབང་ཆ་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ཡོང་བའི་འགན་ལེན་བྱས་པ་རེད།

    མི་ཐབས་རིག་ནུས་ལག་རྩལ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཕེལ་རིམ་ལ་མགྱོགས་མྱུར་སྐུལ་འདེད་ཐེབས་པ་དང་ཆབས་ཅིག མི་ཐབས་རིག་ནུས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོར་སྔར་བས་ཞུགས་རྒྱུ་དང་འབྲེལ་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ཕྱོགས་ཁག་དང་མཉམ་དུ་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་མི་ཐབས་རིག་ནུས་ཀྱི་བཅོས་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གི་འཕོ་འགྱུར་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་ཡོང་བར་སྐུལ་འདེད་གཏོང་བའི་ཡིད་ཆེས་ཡོད་ལ་ནུས་པའང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།