དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “བདེན་པ་བདེན་ཐུག་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་ཤེས་རྟོགས་བྱེད་པ”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཕེང་མིན།   |     སྤེལ་དུས།  2024-04-09

    ཀྲུང་གོ་དང་ཧོང་ཏུ་ར་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་གཅིག་སོང་རིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཁྲིད་སྟོན་འོག་ཀྲུང་ཧོང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད། “རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱི་ཐུན་མོང་འབད་བརྩོན་འོག ཧོང་ཏུ་ར་སིའི་མི་དམངས་ཀྱིས་ཀྲུང་གོ་ཤེས་རྟོགས་བྱེད་ཚད་ཉིན་བཞིན་ཟབ་ཏུ་ཕྱིན་ཡོད། ང་ཚོས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་སློབ་སྦྱོང་ཞུས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་མཐུན་ཟབ་ཏུ་གཏོང་བའི་རེ་བ་བྱེད་ཀྱི་ཡོད”ཅེས་ཧོང་ཏུ་ར་སིའི་གོ་ལ་ཧྲིལ་པོའི་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་མར་ཝུན·ཨོར་ཏི་སིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་པ་རེད།

    ཨོར་ཏི་སི་ནི་ཀྲུང་ཧོང་དབར་ཕྱི་འབྲེལ་བཙུགས་རྗེས་ཀྲུང་གོར་འཚམས་འདྲི་བྱེད་མཁན་ཧོང་ཏུ་ར་སིའི་འཐུས་མི་ཚོགས་པ་དང་པོ་སྟེ་ཧོང་ཏུ་ར་སིའི་སྨྱན་སྦྱོར་འཐུས་མི་ཚོགས་པའི་ཁོངས་མི་ཞིག་རེད། འཐུས་མི་ཚོགས་པས་དེ་སྔོན་ཁག་བགོས་ནས་ཀྲུང་གོའི་ཞིང་ཆེན་མང་པོར་འཚམས་འདྲིར་བསྐྱོད་དེ་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་མྱོང་རོལ་བྱས་པ་རེད།

    “‘ཀྲུང་གོར་སྐྱོད་པ’ལས་ང་ཚོས་ཀྲུང་གོའི་རི་ཀླུང་གི་མཛེས་ལྗོངས་དང་སྔོན་ཐོན་ལག་རྩལ་ཉམས་ལེན་ཐུབ་པ་དང་དངོས་ཡོད་དང་མཛེས་སྡུག་ལྡན་པའི་ཀྲུང་གོ་ཤེས་རྟོགས་ཐུབ་པ་མ་ཟད། ཀྲུང་གོའི་འཕེལ་རྒྱས་ཁྲོད་ནས་ཉམས་མྱོང་ཡང་ཤེས་བྱུང”ཅེས་ཨོར་ཏི་སིས་བརྗོད། ཁོང་གིས་མ་འོངས་པར་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱི་སྟོབས་ཤུགས་བརྒྱུད། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་བསམ་ཤེས་དང་མཛའ་གྲོགས་སྔར་བས་ཟབ་ཏུ་བཏང་ནས་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་ཆ་རྐྱེན་གཏོད་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།

    ཧྲང་ཧའེ་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཚོགས་པ་ཚད་ཡོད་ཀུང་སིར་རྟོག་ཞིབ་བྱེད་སྐབས། འཐུས་མི་ཚོགས་པས་ཀུན་འདུས་སྨྱན་སྦྱོར་གྱི་འཐབ་ཇུས་བཀོད་པ་དང་། སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་དང་ཕྱོགས་སྒྱུར། བརྒྱུད་བསྒྲགས་ལག་རྩལ་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཀྲུང་གོའི་སྨྱན་སྦྱོར་གྱི་ལས་རིགས་གཅིག་པའི་ལག་ལེན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་ཤོས་ཤེས་རྟོགས་གཏིང་ཟབ་བྱས་པ་རེད། “སྨྱན་སྦྱོར་བ་ཞིག་གི་ངོས་ནས་ང་རང་དགའ་ཚོར་ཆེན་པོ་བྱུང་། འབྱུང་འགྱུར་ཀྲུང་གོའི་སྨྱན་སྦྱོར་དང་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལག་རྩལ་གསར་པ་དང་འདུ་ཤེས་གསར་པ་ཧོང་ཏུ་ར་སིར་བརྒྱུད་སྤེལ་བྱེད་རྒྱུའི་རེ་སྒུག་བྱེད་བཞིན་ཡོད”ཅེས་ཨོར་ཏི་སིས་བརྗོད།

    ཧྭ་ཝེ་ཧྲང་ཧའེ་ཞིབ་འཇུག་སུའོ་ནས་ཨོར་ཏི་སིར་ཤེས་རྟོགས་བྱུང་བར། ལོ་མང་རིང་ཧྭ་ཝེ་ཡིས་ཐོག་མཐའ་བར་གསུམ་དུ་ཧོང་ཏུ་ར་སི་ཕྱོགས་དང་མཉམ་ལས་བྱས་ནས་ཧོང་ཏུ་ར་སིའི་འཕྲིན་གཏོང་ཆུ་ཚད་མཐོ་རུ་གཏོང་བ་དང་ས་གནས་དེ་གའི་གྲངས་འཛིན་ཤེས་ལྡན་པ་འཕེལ་རྒྱས་གཏོང་རྒྱུར་རོགས་རམ་བྱེད་ཀྱི་ཡོད། ཁོང་གིས་རྒྱལ་ཁབ་གཉིས་པོས་འབྱུང་འགྱུར་ལག་རྩལ་གསོ་སྦྱོང་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཧོང་ཏུ་ར་སིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།