ཡུལ་སྐོར་མཚོ་གྲུ་སྔ་རྗེས་སུ་ཧྲང་ཧའེ་རུ་འབྱོར་ནས་ཧྲང་ཧའེ་ཡི་ཡུལ་སྐོར་སླར་གསོ་བརྟན་པོ་བྱུང་བ།
འདི་ནི་ཡུལ་སྐོར་བས་ཧྲང་ཧའེ་ཝུའུ་སུང་ཁོའུ་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུའི་གྲུ་ཁའི་ཡུལ་སྐོར་བའི་བགྲོད་ལམ་གྱི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཁུལ་དུ་པར་རྒྱག་བཞིན་པ།
འདི་ནི་རྒྱལ་མཚམས་འཛུལ་བའི་ཡུལ་སྐོར་བས་ཧྲང་ཧའེ་ཡུས་ཡོན་ཚོང་སྐོར་དུ་ལྟ་སྐོར་བྱེད་བཞིན་པ།
ཟླ་4ཚེས་6ཉིན་འཇར་མན་དང་། ཨོ་སི་ཁྲུ་རི་ཡ། སུའེ་ཙེར་སོགས་རྒྱལ་ཁབ་ཀྱི་རྒྱལ་འཛུལ་ཡུལ་སྐོར་བ་2500ལྷག་ཙམ་གྱིས“མའེ་ཤིས་ཧྥུའུ་རྟགས་ཅན་ལྔ་པའི”ཡུལ་སྐོར་མཚོ་གྲུར་བསྡད་ནས་ཧྲང་ཧའེ་ཝུའུ་སུང་ཁོའུ་རྒྱལ་སྤྱིའི་ཡུལ་སྐོར་མཚོ་གྲུའི་གྲུ་ཁར་འབྱོར་ཏེ་དུས་ཡུན་ཉིན་གཉིས་ཀྱི་ཧྲང་ཧའེ་རུ་ཡུལ་སྐོར་བྱེད་འགོ་འཚུག་རྒྱུ་རེད། ཁོང་ཚོས་ལུའུ་ཅ་ཙུའེ་དང་། ཝའེ་ཐན། ཡུས་ཡོན། ཧྲང་ཧའེ་རྟེན་མཛོད་ཁང་། ཧེང་ཧྲན་ལམ—བསྐྱར་དར་ལམ་གྱི་ལོ་རྒྱུས་རིག་གནས་ཉམས་འགྱུར་ཁུལ། ཀྲུའུ་ཅ་ཅའོ་གནའ་གྲོང་སོགས་ལ་སྤྲོ་གསེང་ལྟ་སྐོར་བྱེད་རྒྱུ་རེད།
མི་300ལྷག་ཙམ་བླུག་པའི“ཡིན་ཡིང་རྟགས་ཅན”གྱི་ཡུལ་སྐོར་མཚོ་གྲུ་ཡང་ཟླ་4ཚེས་7ཉིན་ཧྲང་ཧའེ་རུ་འབྱོར་ཡོད། ཡུལ་སྐོར་མཚོ་གྲུ་གཅིག་རྗེས་གཉིས་མཐུད་ངང་ཧྲང་ཧའེ་རུ་འབྱོར་བ་དེས་ཧྲང་ཧའེ་ཡི་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་སླར་གསོ་བརྟན་པོ་བྱུང་བ་མཚོན་ཡོད། ཧྲང་ཧའེ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2023ལོར་ཧྲང་ཧའེ་ཡིས་ཧྲང་ཧའེ་ཡི་རྒྱལ་མཚམས་འཛུལ་བའི་ཡུལ་སྐོར་བ་མི་ཐེངས་ཁྲི་364.46ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་476.84%འཕར་ཡོད།