དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་པར་ཙིར་གྱི་འགོག་སྲུང་ལས་དོན་གྱི་འགྲེམས་སྟོན་ལ་ཞུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-04-09

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཧྲེང་པའོ་ལུའོ་ནས་ཟླ་4ཚེས་5ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། དུས་ཡུན་ཉིན་3རིང་གི་2024ལོའི་ལ་ཏིང་མེ་གླིང་གི་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་དང་འགོག་སྲུང་ལས་དོན་གྱི་འགྲེམས་སྟོན(“པར་ཙིར་གྱི་འགོག་སྲུང་ལས་དོན་གྱི་འགྲེམས་སྟོན”ཞེས་ཀྱང་བརྗོད་པ)ཚེས་4ཉིན་པར་ཙིར་གྱི་ཧྲེང་པའོ་ལུའོ་རུ་མཇུག་འགྲིལ་ཞིང་། ཀྲུང་གོའི་འགྲེམས་ཞུགས་ཚོང་པ་མང་པོ་ཞིག་གིས་མཐོ་གསར་ལག་རྩལ་ལྡན་པའི་དམག་སྤྱོད་དང་དམངས་སྤྱོད་སྒྲིག་ཆས་འགྲེམས་སྟོན་བྱས་ཏེ། ལ་ཏིང་མེ་གླིང་གི་ཁྲོམ་ར་སྔར་བས་རྒྱ་ཆེར་གཏོང་བའི་རེ་བ་བྱེད་ཀྱི་ཡོད་པ་རེད།

    པར་ཙིར་གྱི་འགོག་སྲུང་ལས་དོན་གྱི་འགྲེམས་སྟོན་1997ལོར་ཐེངས་དང་པོ་གཉེར་བ་དང་པར་ཙིར་གྱི་རྒྱལ་སྲུང་པུས་གཙོ་གཉེར་བྱས་ཤིང་། དེ་ནི་ལ་ཏིང་མེ་གླིང་ས་ཁུལ་གྱི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་རྒྱལ་སྤྱིའི་འགོག་སྲུང་ལས་དོན་གྱི་འགྲེམས་སྟོན་ཞིག་རེད། ད་ཐེངས་འགྲེམས་ཚོགས་ཀྱི་འགྲེམས་དངོས་ནང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་དང་མཚོ་དམག་ལས་གྲྭ་དང་། མི་སྒེར་གྱི་འཐབ་རྩལ་སྒྲིག་ཆས། གོ་མཚོན་རྫས་མདེལ། འོད་རིག་དང་འོད་གློག་མཚོན་ཆ། དེ་བཞིན་རིགས་སྣ་ཚོགས་ཀྱི་མི་མེད་གནམ་གྲུ་སོགས་ཚུད་ཡོད་པ་དང་རྒྱལ་ཁབ་དང་ས་ཁུལ་20ཡི་སྤུས་རྟགས་150ལྷག་ཙམ་འགྲེམས་ཚོགས་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།