དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་མཁའ་འགྲུལ་གྱིས་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་མཁའ་ལམ་ཉམས་བཟོའི་ལས་སྒོ་ཐོག་མར་ལེགས་སྒྲུབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-09

     ཟླ་3ཚེས་25ཉིན། ཧི་མ་ལ་ཡའི་མཁའ་འགྲུལ་ཀུང་སིའི་མཁའ་འགྲུལ་A319CEOརྟགས་ཅན་གྱི་གནམ་གྲུ་ཞིག་ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ནས་བདེ་འཇགས་ངང་འཕུར་བ་དང་བསྟུན་ནས། བོད་ལྗོངས་མཁའ་འགྲུལ་གྱིས་ཧི་མ་ལ་ཡའི་མཁའ་འགྲུལ་ཀུང་སིའི་ལྷ་ས་མཁའ་འགྲུལ་ས་ཚིགས་ཀྱི་མཁའ་ལམ་ཉམས་བཟོ་དང་འགན་ལེན་གྱི་ལས་འགན་ཐོག་མ་བདེ་བླག་ངང་ལེགས་སྒྲུབ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགན་ལེན་ལས་འགན་ནི་བོད་ལྗོངས་མཁའ་འགྲུལ་གྱིས་རྒྱལ་སྤྱིའི་མཁའ་འགྲུལ་ཀུང་སིའི་མཁའ་ལམ་ཉམས་བཟོའི་ལས་སྒོ་དང་ལེན་བྱེད་ཐེངས་དང་པོ་དང་EASAཚད་གཞིའི(ཡོ་རོབ་མཁའ་འགྲུལ་བདེ་འཇགས་ཅུས་ཀྱི་མཁའ་འགྲུལ་འཕུར་སྐྱོད་ཚད་གཞི)ཉམས་བཟོའི་ལས་དོན་སྤེལ་ཐེངས་དང་པོ་དེ་ཡིན་པ་རེད།

    བོད་ལྗོངས་མཁའ་འགྲུལ་ཕྱོགས་ཀྱི་འབྲེལ་ཡོད་ལས་དོན་མི་སྣས། བོད་ལྗོངས་མཁའ་འགྲུལ་ཀུང་སིས་ལས་འགན་དེ་བདེ་བླག་ངང་དང་ལེན་དང་ལེགས་སྒྲུབ་ཐུབ་པ་དེ་ཐོག་ནས་ས་མཐོའི་མཁའ་ལམ་ལས་སྒོའི་ཐད་ཀྱི་སྔོན་ཐོན་གནས་བབ་གང་ལེགས་མངོན་ཡོད་ལ། ད་ཐེངས་ཧི་མ་ལ་ཡ་མཁའ་འགྲུལ་ཀུང་སི་དང་མཉམ་ལས་བྱས་པ་དེས་བོད་ལྗོངས་མཁའ་འགྲུལ་ལ་རྒྱལ་སྤྱིའི་མཁའ་འགྲུལ་ལས་རིགས་དང་འབྲེལ་མཐུད་བྱེད་པའི་གོ་སྐབས་མཁོ་འདོན་བྱས་ཡོད་ཅེས་བཤད།


    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།