དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གློག་འདྲེན་ནུས་པ་ཆན་ཝ་ཁྲི་120བར་འཕར་རྒྱུ་ཡིན་པ།

    ​མཚོ་བོད་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭ་ཆོག་མཆན་ཐོབ་ནས་བསྐྲུན་པ།

    སྔོན་དཔག་བྱས་ན་2025ལོར་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-09

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། མཚོ་བོད་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭའི་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་མཆན་བཀོད་བཀའ་ལན་ཐོབ་པ་དེ་ཐོག་ནས་ལས་གྲྭ་དེ་དངོས་སུ་སྐྲུན་འགོ་འཛུགས་དུས་ལ་སླེབས་པ་མཚོན་ཡོད། སྔོན་དཔག་བྱས་ན་2025ལོར་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ཐད་རྒྱུག་གི་དུས་ཐེངས་གཉིས་པའི་རྒྱས་སྐྲུན་ལས་གྲྭའི་འཛུགས་སྐྲུན་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་26.03བཏང་བའི་ཁྲོད། ཀྲུང་དབྱང་སྔོན་རྩིས་ནས་མ་དངུལ་སྒོར་དུང་ཕྱུར་13.01བཏང་བ་དེས་ལས་གྲྭའི་མ་འཇོག་བསྡོམས་འབོར་གྱི་50%བཟུང་ཡོད་པ་དང་། དེའི་ནང་མཚོ་སྔོན་གོར་མོའི་གློག་སྒྱུར་ས་ཚིགས་དང་བོད་ལྗོངས་ལྷ་སའི་གློག་སྒྱུར་ས་ཚིགས་རྒྱས་སྐྲུན་དང་། བོད་དབུས་ཀྱི་ཀྲའོ་200ཡི་ལེགས་སྒྲིག་འཕྲུལ་ཆས་ལས་གྲྭ་འཛུགས་སྐྲུན། ཆན་ཧྥུའུ་220ཡི་སྐུད་ལམ་གྱི་ལྷན་སྦྱར་འཛུགས་སྐྲུན་བཅས་ཚུད་ཡོད་པ་རེད།

    ལས་གྲྭ་བསྐྲུན་ཟིན་ནས་གློག་གཏོང་འགོ་ཚུགས་རྗེས། མཚོ་བོད་ཐད་རྒྱུག་གློག་གཏོང་ནུས་པ་ཆན་ཝ་ཁྲི་60ནས་ཆན་ཝ་ཁྲི་120བར་ཆེ་རུ་ཕྱིན་ཏེ། མཚོ་སྔོན་དང་བོད་ཀྱི་གློག་དྲའི་གློག་ཤུགས་ཕན་ཚུན་གསབ་རེས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། བོད་ཀྱི་གློག་དྲའི་ཐེག་ཚད་ཀྱི་ཁུར་པོ་ལྕི་རུ་སོང་བའི་དགོས་མཁོ་སྔར་བས་བསྐངས་ཏེ། བོད་དབུས་ཀྱི་གློག་དྲའི་གློག་ཤུགས་མཁོ་འདོན་གྱི་འགལ་བ་ཞི་ལྷོད་དུ་ནུས་ལྡན་གཏོང་ཐུབ་པ་དང་འབྲེལ། བོད་ཀྱི་གློག་ཤུགས་ཀྱི་དགོས་མཁོ་ཆེ་དུས་ཀྱི་གློག་ཤུགས་ལྷག་མ་ཕྱིར་གཏོང་བར་ཆ་རྐྱེན་བསྐྲུན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་རེད། ས་ཁུལ་ཁ་ཤས་སུ་ལེགས་སྒྲིག་འཕྲུལ་འཁོར་སྒྲིག་སྦྱོར་བྱེད་པའི་ལས་གྲྭ་ལག་ལེན་བསྟར་བ་བརྒྱུད། བོད་དབུས་ཀྱི་གློག་དྲར་སྟབས་བསྟུན་འགྱུར་མེད་ཀྱི་འདེགས་སྐྱོར་ཐུབ་ནས། བོད་དབུས་ཀྱི་གློག་དྲའི་བདེ་འཇགས་དང་བརྟན་ལྷིང་གི་ཆུ་ཚད་མཐོ་རུ་དང་། བོད་དབུས་ཀྱི་གློག་དྲའི་སྤེལ་རྒྱུག་ཐད་རྒྱུག་གི་སྤྱི་ཡོངས་ཀྱི་གློག་གཞོང་ནུས་པ་ཆེ་རུ་ཕྱིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།