དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་གློག་སྒུལ་རླངས་འཁོར་ཁེ་ལས་ཀྱིས་པར་ཙིར་གྱི་ནུས་རྒྱུ་གསར་པའི་ཁྲོམ་ར་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཐེན་ཚུང་།   |     སྤེལ་དུས།  2024-04-08

    འདི་ནི་པར་ཙིར་ཡ་མཱ་སུན་ཀྲོའུ་མཱ་ནའོ་སི་ནས་པར་བླངས་པའི་པི་ཡ་ཏི་གློག་རྫས་བཟོ་གྲྭ་ཡིན་པ།

    འདི་ནི་ལས་དོན་པས་པར་ཙིར་ཡ་མཱ་སུན་ཀྲོའུ་མཱ་ནའོ་སི་རུ་ཡོད་པའི་པི་ཡ་ཏི་གློག་རྫས་བཟོ་གྲྭའི་ཐོན་སྐྱེད་སྒྲུབ་རིམ་དུ་ལས་ཀ་བྱེད་བཞིན་པ།

    འདི་ནི་ལས་དོན་པས་ཐོན་སྐྱེད་སྒྲུབ་རིམ་དུ་ལས་ཀ་བྱེད་བཞིན་པ།

    འདི་ནི་ལས་དོན་པས་པི་ཡ་ཏི་གློག་རྫས་བཟོ་གྲྭའི་ཐོན་སྐྱེད་སྒྲུབ་རིམ་དུ་ལས་ཀ་བྱེད་བཞིན་པ།

    འདི་ནི་ལས་དོན་པས་པར་ཙིར་ཡ་མཱ་སུན་ཀྲོའུ་མཱ་ནའོ་སི་རུ་ཡོད་པའི་པི་ཡ་ཏི་གློག་རྫས་བཟོ་གྲྭས་གློག་རྫས་ལ་ཚོད་ལྟ་བྱེད་བཞིན་པ།

    འདི་ནི་ལས་དོན་པས་པར་ཙིར་ཡ་མཱ་སུན་ཀྲོའུ་མཱ་ནའོ་སིར་ཡོད་པའི་པི་ཡ་ཏི་གློག་རྫས་བཟོ་གྲྭར་འཕྲུལ་ཆས་སྤྱད་ནས་གློག་རྫས་ལ་བརྟག་དཔྱད་བྱེད་བཞིན་པ།

    འདི་ནི་ལས་དོན་པས་ཐོན་སྐྱེད་སྒྲུབ་རིམ་དུ་ལས་ཀ་བྱེད་བཞིན་པ།

    པི་ཡ་ཏི་པར་ཙིར་ཡན་ལག་ཀུང་སི་2014ལོར་བཙུགས་པ་དང་པར་ཙིར་གྱི་ཁྲོམ་རར་གློག་སྒུལ་འདེགས་འབེབས་འཕྲུལ་འཁོར་དང་། ཟོག་འཁོར། ལྗིད་ཐེག་འཕྲུལ་འཁོར་སོགས་ཕྱིར་ཚོང་བྱེད་པ་ཕུད། ད་དུང་ཀུང་སིས་པར་ཙིར་དུ་གློག་སྒུལ་འགྲུལ་སྐྱེལ་རླངས་འཁོར་གྱི་གཞི་སྒྲོམ་བཟོ་གྲྭ་དང་། ཉི་འོད་ནུས་པའི་ཤེལ་ལེབ་བཟོ་གྲྭ གློག་རྫས་བཟོ་གྲྭ་སོགས་བཙུགས་པར་བརྟེན། ས་གནས་དེ་གའི་ཁྲོམ་རའི་དགོས་མཁོ་བསྐངས་ཡོད། མཱ་ནའོ་སི་རུ་ཡོད་པའི་གློག་རྫས་བཟོ་གྲྭས་གཙོ་བོ་ལིན་དང་། སྐྱུར། ལྕགས། ལིས་བཅས་ཀྱི་གློག་རྫས་སྡེབ་སྒྲིག་སྒྲིག་སྦྱོར་བྱས་ཏེ་པར་ཙིར་གྱི་གློག་སྒུལ་འགྲུལ་སྐྱེལ་རླངས་འཁོར་ལ་བློས་འགེལ་ཆོག་པའི་ནུས་རྒྱུ་གསར་པའི་སྒུལ་ནུས་མཁོ་འདོན་དང་། ས་གནས་དེ་གའི་ནུས་རྒྱུའི་ཐོན་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐཱན་འབུད་ཚད་ཉུང་གཏོང་དང་ཁོར་ཡུག་སྲུང་སྐྱོང་བཅས་ལ་ལེགས་སྐྱེས་ཕུལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།