དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྐབས་གསུམ་པའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་འགྲན་བསྡུར་ནང་ཞུགས་མཁན་མང་ཚོགས་དུས་མཚུངས་ལས་ལྡབ་4འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-08

    འདི་ནི་སྐབས་གསུམ་པའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་ཞིང་འབྲོག་པའི་རྩལ་ནུས་འགྲན་བསྡུར་ཆེ་མོའི་ཁྲོད་སྦྲ་ཆེན་རྫོང་གི་ཞིང་འབྲོག་པའི་འགྲན་ཞུགས་བདམས་ཐོན་པས་རྩམ་པ་འཐག་བཞིན་པ།

    ཉིན་ཤས་བསྟུད་མར། སྐབས་གསུམ་པའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོ་ནག་ཆུ་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མར་སྤེལ་ཞིང་། རིམ་རྩིས་བྱས་ན་འགྲན་བསྡུར་སྣ་ཚོགས་ཐེངས་ཁྲི་1.16སྤེལ་བ་དང་། འགྲན་བསྡུར་ནང་ཞུགས་མཁན་མི་ཐེངས་ཁྲི་11.8ལྷག་ཙམ་ཟིན་པ། བྱེད་སྒོའི་ནང་ཞུགས་མཁན་མི་ཐེངས་ཁྲི་152.46ཟིན་པ་དེ་ན་ནིང་གི་དུས་མཚུངས་གྲངས་གཞི་ལས་ལྡབ་6དང་། ལྡབ་4 ལྡབ་8བཅས་སོ་སོར་འཕར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁྱེར་གྱིས“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཀྱི་བྱེད་སྒོའི་ཆེད་དོན་བརྟག་ཞིབ་ཚོགས་ཆུང་བཙུགས་ནས། ཟླ་3ཚེས་14ཉིན་ནས་ཟླ་3ཚེས་22ཉིན་བར། རྫོང(ཆུས)9དང་། ཤང(གྲོང་རྡལ)21 གྲོང་ཚོ(གྲོང་ལྷན)18 སློབ་གྲྭ་5 དགོན་སྡེ་3 དེ་བཞིན་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་བཅས་སུ་བསྐྱོད་དེ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱས་པ་དང་འབྲེལ། རྫོང(ཆུས)ཁག་གི་མདུན་སྐྱོད་གཞུང་ལས་ཁང་གི་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་གཞི་རིམ་དུ་མཐིལ་རྟོགས་བྱེད་པར་བསྐྱོད་པ་དང“ཆུང་རྩད་ཆེ་ཤེས”བྱས་པ་བརྒྱུད། ཉམས་མྱོང་ཕྱོགས་སྡོམ་དང་། གནད་དོན་ལ་ཞིབ་དཔྱད། ཐབས་ཇུས་ཞིབ་འཇུག་བཅས་སྔར་བས་བྱས་ཏེ་མདུན་སྐྱོད་བྱེད་སྒོའི་གྲུབ་འབྲས་དེ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏིང་ཟབ་བཏང་ཡོད།

    ནག་ཆུ་གྲོང་ཁྱེར་མདུན་སྐྱོད་གཞུང་ལས་ཁང་གི་ཀྲུའུ་རེན་ཡོན་ཀྲི་ཤིན་གྱིས“ང་ཚོས་ངོ་མཚར་ཆེ་བའི་གྲོང་ཚོ་རིམ་པའི་འགྲན་བསྡུར་མཐོང་བྱུང་། ཚ་ཚ་འུར་འུར་གྱི་རྣམ་པ་དེ་ལྟ་བུ་ནི་སྔར་བྱུང་མྱོང་མེད་པ་ཞིག་རེད། གཞི་རིམ་མང་ཚོགས་དང་རྒན་དར་གཞོན་གསུམ་ཚང་མས་མཉམ་དུ་འགྲན་བསྡུར་ནང་ཞུགས་པ་དང་། གྲོང་མི་ཁྱིམ་མཚེས་དང་ཡུལ་མི་སྤུན་ཟླ་ཚོས་མཉམ་དུ་དགའ་འབོད་བྱས་ནས། གྲོང་གསེབ་དར་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།