དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་དོན་ཁང(རྩོམ་སྒྱུར་ཅུས)གིས།

    ལྗོངས་ཡོངས་ལ《སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་བོད་ཡིག་ཚད་ལྡན་སྒྱུར་ཡིག》འགྲེམས་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-08

    ཉེ་ཆར་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་དོན་ཁང(རྩོམ་སྒྱུར་ཅུས)གིས་ལྗོངས་ཡོངས་སུ《སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་བོད་ཡིག་ཚད་ལྡན་སྒྱུར་ཡིག》(གཤམ་དུ《ཚད་གཞི》ཞེས་བསྡུ་རྒྱུ)འགྲེམས་བསྒྲགས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 《ཚད་གཞི》ཡི་ནང་སྤྱི་སྤྱོད་རིགས(བྱེད་ནུས་སྒྲིག་ཆས་དང་། ཉེན་བརྡ། བཀག་རྒྱ། མཛུབ་སྟོན་བཀའ་བཀོད། གསལ་བཤད་དྲན་སྐུལ་སོགས་ཚུད་པ)དང་གཞུང་ལམ་འགྲིམ་འགྲུལ་དང་། སྤྱི་པའི་འགྲིམ་འགྲུལ། ཡུལ་སྐོར། རིག་གནས། རོལ་རྩེད། ལུས་རྩལ། སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྦྲག་སྲིད། གློག་འཕྲིན། བཟའ་བཏུང་། ཞག་སྡོད། ཚོང་ལས། དངུལ་རྩའི་ཞབས་ཞུ་སོགས་རྒྱུན་སྤྱོད་ཞབས་ཞུའི་ཁྱབ་ཁོངས་ཀྱི་སྤྱི་པའི་ཞབས་ཞུའི་ཆ་འཕྲིན་རིགས་22ཀྱི་སྒྱུར་ཡིག་ཚད་ལྡན་4200ལྷག་ཙམ་མཁོ་འདོན་བྱས་པ་རེད། 《ཚད་གཞིའི》ནང་དོན་ཆ་ཚང་ལ་མཛུབ་ཁྲིད་རང་བཞིན་དང་དངོས་སྤྱོད་རང་བཞིན་ཆེ་བས། རང་ལྗོངས་ཀྱི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་བོད་ཡིག་ཡིག་སྒྱུར་གྱི་རྨང་གཞིའི་རང་བཞིན་གྱི་ཚད་གཞི་ཞིག་རེད།

    《ཚད་གཞི》བཀྲམ་པ་དེས་དེའི་རྨང་གཞིའི་རང་བཞིན་དང་ཁྲིད་སྟོན་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་དང་། རང་ལྗོངས་ཀྱི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་ཀྱི་བོད་ཡིག་གི་སྒྱུར་ཡིག་སྔར་བས་ཚད་ལྡན་དང་གཅིག་གྱུར་ཡོང་ཐུབ་པ། སྤྱི་ཚོགས་ཐོག་ཐ་སྙད་དེ་བས་ཚད་ལྡན་ཡོང་བར་ཕན་ཐོགས་པ། སྐད་ཡིག་གི་ཁོར་ཡུག་བཟང་པོ་ཞིག་གཏོད་ཐུབ་པ་བཅས་ཡོང་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།