དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དྭངས་གསལ་དུས་ཚིགས་སུ་རང་ལྗོངས་ཀྱི་ས་གནས་ཁག་དང་ཚན་པ་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་དྲན་གསོའི་བྱེད་སྒོ་སྤེལ་བ།

    གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-04-08

    འདི་ནི་ཟླ་4ཚེས་3ཉིན་བོད་ལྗོངས་མངའ་རིས་ཡན་ལག་དམག་ཁུལ་ཁང་མཐའ་སྲུང་ཐོན་ཞིག་གིས་དཔོན་དམག་སྒྲིག་འཛུགས་བྱས་ནས་རྩྭ་མདའ་རྫོང་གི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུ་བཞིན་པ།

    འདི་ནི་ཟླ་4ཚེས་2ཉིན་ལྷ་སའི་སྔོན་གཤེཌ་དཔའ་བོའི་བང་སོའི་སྐྱེད་ཚལ་དུ་བོད་ལྗོངས་ལྷ་ས་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་གི་དཔོན་དམག་ཚོས་སྔོན་གཤེགས་དཔའ་བོར་མཆོད་འབུལ་ཞུ་བཞིན་པ།

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་དུར་ཕྱག་བྱེད་སྒོ་སྤེལ་ཏེ། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་དང་འབད་འཐབ་ལྷོད་མེད་བྱེད་པའི་དམ་བཅའ་བཞག་པ་རེད།

    ཟླ་4ཚེས་2ཉིན། ཀྲུང་གོ་མི་དམངས་དངུལ་ཁང་བོད་རང་སྐྱོང་ལྗོངས་ཡན་ལག་དངུལ་ཁང་གིས་ལས་ཁུངས་ཀྱི་གཞོན་ནུ་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ། བོད་དམག་ཁུལ་ཁང་དམག་དོན་ལོ་རྒྱུས་ཁང་དུ་བསྐྱོད་ནས“གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད།

    གསལ་འགྲེལ་པའི་མཛུབ་ཁྲིད་འོག གཞོན་ནུ་ལས་བྱེད་པས་རྩ་ཆེའི་རིག་དངོས་དང་པར་རིས་བརྙན་ལམ་དང་དེ་བཞིན་ཡུལ་ལྗོངས་སླར་གསོ་བྱས་པ་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་མིའི་ཞུམ་མེད་འབད་འཐབ་དང་། འཇིག་རྟེན་གསར་པར་སྒྱུར་བ་ཕོད་པའི་སྙིང་སྟོབས། དེ་བཞིན་མི་དམངས་བུ་ཕྲུག་དམག་གིས་ལོ་65ཡི་རིང་བོད་ལྗོངས་འཛུགས་སྐྲུན་དང་། མཐའ་མཚམས་ལ་ལེགས་སྐྱེས་འབུལ་བ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་དམངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་ཚོར་བར་བྱས་པ་རེད།

    དྭངས་གསལ་དུས་ཚིགས་རིང་། ཆབ་མདོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པས་དགེ་སློབ་ཡོངས་སྒྲིག་འཛུགས་བྱས་ཏེ། རྣམ་པ་སྣ་ཚོགས་བརྒྱུད་དྭངས་གསལ་དུས་ཚིགས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཡོད། སློབ་གྲྭ་དེས་དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བའི་བརྗོད་དོན་གཙོ་བོའི་རྒྱལ་དར་སྒྲེང་བའི་མཛད་སྒོ་འཚོགས་ཤིང་། མཐོ་རིམ་ལོ་རིམ་དང་པོའི་སློབ་མའི་ཚབ་མཚོན་བརྩམས་ཆོས《སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ། ལང་ཚོའི་དུས་ཚོད་དམ་འཛིན་བྱེད》ཅེས་པའི་གཏམ་བཤད་སྤེལ་ནས། དུས་རབས་གསར་པའི་གཞོན་ནུ་སློབ་མ་ཚོར་གསར་བརྗེའི་སྔོན་བྱོན་པ་ཚོའི་སྒེར་སེམས་མེད་པ་དང་དཔའ་ངར་ཆེན་པོ་བློ་ལ་བརྟན་པོར་ངེས་པ་དང་། ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་དད་སེམས་བརྟན་དུ་གཏོང་བ། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་ཕྲག་ཁུར་བ་བཅས་བྱས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོས་འབད་འཐབ་ལྷོད་མེད་བྱས་པ་དང་རང་སྲོག་བློས་བཏང་བ་ལས་བྱུང་བའི་བྱ་གཞག་རླབས་པོ་ཆེ་ནུས་ཤུགས་ཡོད་རྒུས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་དགོས་པའི་ཁྲིད་སྟོན་བྱས་ཡོད་པ་རེད།

    བྱེད་སྒོ་མཇུག་འགྲིལ་རྗེས་སློབ་མ་ཚོས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་ནི་ནམ་ཡང་ང་ཚོས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན། སླད་ཕྱིན་གྱི་སློབ་སྦྱོང་དང་འཚོ་བའི་ནང་ང་ཚོས་ཕུགས་བསམ་བརྟན་སྲུང་དང་ཀུན་སྤྱོད་ཞུན་བརྡར་བྱས་ནས། ད་ཆའི་ཐོབ་པར་དཀའ་བའི་བདེ་སྐྱིད་ཀྱི་འཚོ་བར་གཅེས་སྤྲས་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    ཟླ་4ཚེས་4ཉིན་བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱི་2024ལོའི་མི་དམངས་ཉེན་རྟོག་པའི་གསོ་སྦྱོང་འཛིན་གྲྭས་དྲ་ཐོག་གི་མཆོད་འབུལ་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། གསར་བརྗེའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ་དང་འབྲེལ་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་ཡང་བྱས་ཡོད། བྱེད་སྒོ་སྤེལ་རིང་གསོ་སྦྱོང་འཛིན་གྲྭས་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་བར་མཐོངས་ཀྱི་ཚད་བཀག་མེད་པར་བཟོ་ཏེ། མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་ཀྱིས་ཁ་པར་དང་གློག་ཀླད་སོགས་ཀྱི་མཐའ་སྣེ་བརྒྱུད། རྒྱལ་ཁབ་སྤྱི་མཆོད་དྲ་བ་དང་ཀྲུང་ཧྭའི་སྔོན་གཤེགས་དཔའ་བོའི་དྲ་བ་སོགས་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སོས་པ་ཕུལ་བ་དང་རྗེས་དྲན་གྱི་དྲན་འཆར་བཀོད་ཡོད། མི་དམངས་ཉེན་རྟོག་པ་ཚོས་དད་གུས་ཀྱི་བསམ་པ་འཆང་བཞིན་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱས་ཏེ་གསར་བརྗེའི་སྔོན་བྱོན་པར་མྱ་ངན་དང་གུས་བཀུར་ཞུས་པ་རེད།

    ཟླ་4ཚེས་4ཉིན་བོད་དམག་ཁུལ་ཁང་གི་ལུའེ་ཞིག་གི་དཔོན་དམག་ཚོས་ཚན་པ་དེ་གའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བའི་ཐང་ཆེན་དུ་བསྐྱོད་དེ་དུར་ཕྱག་གི་བྱེད་སྒོ་སྤེལ་ནས། སྔོན་གཤེགས་དཔའ་བོའི་བྱས་རྗེས་བློ་ལ་བརྟན་པོར་ངེས་པ་དང་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་སྤེལ་བཏང་བ་རེད།

    སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བའི་ཐང་ཆེན་སྒམ་བརླིང་ལྡན་པ་དང་། དམག་སྡེ་བཅོ་བརྒྱད་པ་བོད་དུ་བསྐྱོད་པའི་འབུར་བརྐོས་གཟུགས་བརྙན་འགྱིང་ངེར་གནས་ཤིང་། དཔོན་དམག་ཚོས་དད་གུས་ཀྱི་བསམ་པ་འཆང་བཞིན་གསར་བརྗེའི་སྔོན་གཤེགས་དཔའ་བོར་མེ་ཏོག་སི་ར་ཕུལ་ཏེ། གསར་བརྗེའི་སྔོན་གཤེགས་དཔའ་བོར་མྱ་ངན་ཟབ་མོ་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།